རྗེ་ཙོང་ཁ་པའི་དབུ་བླ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གི་རྗེས་དྲན།
ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན། བོད་གངས་ཅན་ལྗོངས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་རི་བོ་དགེ་ལྡན་པར་བཀའ་དྲིན་བླ་ན་མེད་པ། རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དབུ་བླ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་མི་ལོ་ ༧༠༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་སླེ་ལུང་རིན་པོ་ཆེས་གོ་སྒྲིག་གིས་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་གནང་སོང་ཞིང་། རྗེས་དྲན་མཛད་སྒོ་འདི་དང་འབྲེལ་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་དང་སྦྲགས་གསུང་འཕྲིན་ཞིག་ཀྱང་སྩལ་གནང་མཛད་འདུག་ལ། དེ་བཞིན་དུས་དྲན་མཛད་སྒོ་འདི་དང་འབྲེལ་ནས། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་བཅས་ནས་སྩལ་བའི་གསུང་འཕྲིན་ཡང་སྒྲོག་སྦྱངས་གནང་སོང་། དུས་མཚུངས་དེ་རིང་གི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གཙོས། ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་མཁས་དབང་ཁག་ཅིག་དབུ་བཞུགས་ཀྱིས། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གི་རྗེས་དྲན་དང་འབྲེལ་ནས་བཀའ་སློབ་གསུང་བཤད་གནང་སོང་། །

ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ ༧༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ།

Tibetans Rally in Dharamsala Against China’s Ethnic Unity & Progress Law, Calls for Immediate Repeal

The 700th anniversary commemorative event honoring Lhodrak Drupchen Namkha Gyaltsen in Dharamshala

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་།📿🪷

སཱོ་ཝག་ཨཱ་ཤེ་རཱམ་གྱི་གནས་བཤད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ དང་འབྲེལ་བའི་ལྡོག་གཏུག་ངོས་བཞེས་མ་གནང་བའི་ཐག་གཅོད་གནང་བ།

ལ་དྭགས་ཞི་བའི་ཚལ་དུ་ཞབས་སོར་བདེ་བར་འཁོད་པ།

༈ བཟོད་པའི་ལེའུ་ཆ་ཚང་། སྤྱོད་འཇུག ༸གོང་ས་མཆོག

རྒྱ་རིགས་ཆོས་ཞུ་བར་བཀའ་སློབ།

བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་སྐོར་བཀའ་སློབ།

ཤེས་རིག་བཀའ་བློན་མཆོག་གིས་ཤེས་རིག་ཕུལ་བྱུང་སློབ་ཡོན་བཞེས་མཁན་སློབ་ཕྲུག་རྣམས་ལ་གནང་བའི་གསུང་བཤད།

༄༅། །༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བོད་ནས་གསར་དུ་ཕེབས་པ་རྣམས་ལ་སྩལ་བའི་བཀའ་སློབ།

རྒྱ་ནག་གི་སྐད་ཡིག་སྲིད་བྱུས་ལ་ངོ་རྒོལ་ཆེད། ང་ཚོས་ག་རེ་བྱེད་དགོས་སམ།

ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གི་རྣམ་ཐར་སྙིང་བསྡུས།

ཚངས་དབྱངས་རྒྱ་མཚོའི་གསང་བའི་རྣམ་ཐར་གླེང་བ། || སེར་བྱེས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།

His Holiness the Dalai Lama Arrives in Leh, Ladakh - 2026

DORJI PUEN KOR

History of arises mis views @GuruRinpoche25

The Dalai Lama's Gift

