ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ དང་འབྲེལ་བའི་ལྡོག་གཏུག་ངོས་བཞེས་མ་གནང་བའི་ཐག་གཅོད་གནང་བ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༦ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བལ་ཡུལ་མཆོད་འབྱོར་ཁུལ་གྱི་འོས་བསྡུའི་ཐོབ་ཐང་བཀག་བསྐྱིལ་བྱས་པའི་གྱོད་གཞི་ (ཁ་མཆུ་ཨང་ ༢༢ པ་) དང་འབྲེལ་བའི་ལྡོག་གཏུག་གི་ཐོག་མའི་ཉན་ཞིབ་བསྐྱངས་ཡོད་ཅིང་། ཉན་ཞིབ་དེའི་ཐོག་ནས། ལྡོག་གཏུག་དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ངོས་བཞེས་གནང་མི་དགོས་པའི་ཐག་གཅོད་གནང་སོང་། རྩ་བའི་ཁ་མཆུ་ཨང་ ༢༢ པའི་ཞུ་ལན་པ་དབུས་འོས་བསྡུའི་ལས་ཁང་ནས་ཕུལ་བའི་ལྡོག་གཏུག་དེ་ངོས་བཞེས་མ་གནང་བའི་རྒྱུ་མཚན་ནི། ལྡོག་གཏུག་གི་ནང་དོན་ཚན་དྲུག་ཡོད་པ་ལས། དོན་ཚན་དང་པོ་དང་གཉིས་པ་གཉིས་ཁ་མཆུ་ཨང་ ༢༢ པ་དང་འབྲེལ་བ་མེད་པར་ངོས་འཛིན་གནང་བ་དང་། དོན་ཚན་ལྔ་པ་དང་དྲུག་པ་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐུ་དབང་གི་ཁྱབ་ཁོངས་སུ་མེད་པ། བྱེ་བྲག་ཏུ་ལྡོག་གཏུག་གི་དོན་ཚན་ལྔ་པའི་ནང་མི་སྒེར་ལ་ནག་ཉེས་བཙུགས་པ་དེ་དང་འབྲེལ་ནས། ཞུ་ལན་པ་དབུས་འོས་བསྡུའི་ལས་ཁང་ལ་ཁྲིམས་མཐུན་གྱི་ཆ་རྐྱེན་ཁག་ཅིག་བསྐྲུན་ཡོད་པ་དེ་དག་ལ། ཞུ་ལན་པའི་ངོས་ནས་དང་ལེན་བྱུང་ན། རྒྱ་གར་གྱི་ཁྲིམས་ཁང་དུ་འགྲོ་མི་དགོས་པ་དང་། དེ་ལྟར་མ་བྱུང་ན་ལྡོག་གཏུག་དེ་དང་འབྲེལ་ནས་རྒྱ་གར་ཁྲིམས་ཁང་དུ་འགྲོ་རྒྱུ་ཡིན་པའི་སྐོར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། །

June 20, 2026་སྐུ་ངོ་སྲིད་སྐྱོང་མཆོག་གིས་ནིའུ་ཡོག་དང་ནིའུ་འཇར་སིའི་མི་མང་ལ་གསུང་བཤད་བསྩལ་བ།

Case no. 22: Counter Claim by EC suspended as TLA moves before Indian Court

#exclusive: The human side of the Sikyong Penpa Tsering | TAN

ལྡོག་གཏུག་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

དམག་སའི་ལྐོག་ས་རུལ་སུངས་། རང་ཤི་བཀའ་ཕབ། ཁཔང་ཁྲོ་དག་སུན་སྣང་། ཐེར་འདོན། ཕམ་ཁ་ཆེ་བ། མྱུན་རྐྱེན། ངོ་ལོག

June 21, 2026 ཟླ་སྣང་རིག་གཞུང་སློབ་གྲྭའི་མཛད་སྒོའི་ཐོག་སྐུ་ངོ་རྣམ་གཉིས་ནས་གསུང་བཤད་བསྩལ་བ།

སཱོ་ཝག་ཨཱ་ཤེ་རཱམ་གྱི་གནས་བཤད།

ཨ་རིའི་སྲིད་ཇུས་འཕོ་འགྱུར། ཡུ་དམག་ལ་བསྟོད་ར། བདག་དབང་ནང་ཁུལ་ལ་དྲག་རྒོལ། གྲོས་མཐུན། ཡ་ལན། རྒྱལ་ཕམ།

འཇམ་ནོར་ལགས་ཀྱིས་བོད་གཞུང་ཕྱིར་བསྡུ་གནང་བའི་ལོག་བཤད་ལ་གསལ་བཤད།

Scandal in Berlin! Alice Weidel accuses Merz of squandering taxpayer money

DAY 02 བོད་ཀྱི་རིག་གཞུང་དུས་སྟོན། Tibetan Cultural Festival PART 2 At Dharwad Karnataka University

Commemorating the 700th Anniversary of the Birth of Lhodrak Namkha Gyaltsen #knowledge #tibetan

རྒྱལ་སྤྱིའི་གསར་འགྱུར།International Breaking News 🗞️

Can You Live That Way? (1971) J. Krishnamurti at Brockwood Park School

གཤེགས་ཀྱང་མ་ཡལ་བའི་འོད་སྣང་། རྒན་ལྷ་བཟང་ཚེ་རིང་ལ་ཕུལ་བའི་རྗེས་དྲན།

Part3: Seyed Mohammad Marandi in Conversation with Jeffrey Sachs about USA& Israel war against Iran

Part -2 Sharing my Love Story# Struggle# How we met???# tibetan vlog

Beijing’s New Ethnic Unity Law Sparks Alarm Over Extended Overseas Enforcement Reach

རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞི་ལེགས་གྲུབ།

