༄༅། །དབུ་མ་རིན་ཆེན་ཕྲེང་བ། འཆད་ཁྲིད་དང་པོ། Nagarjuna’s ‘Precious Garland Part 1
༄༅། །དབུ་མ་རིན་ཆེན་ཕྲེང་བ། འཆད་ཁྲིད་དང་པོ། Nagarjuna’s ‘Precious Garland Part 1 མཛད་པ་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། འཆད་ཁྲིད་གནང་མཁན་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ། ༼༡༽ Teaching of Nagarjuna’s ‘Precious Garland' - Professor Samdhong Rinpoche དཔལ་མགོན་འཕགས་པ་ཀླུ་སྒྲུབ་རྣམ་ཐར་མདོར་བསྡུས། དཔལ་མགོན་འཕགས་པ་ཀླུ་སྒྲུབ། (དུས་རབས་གཉིས་པ་) སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ནཱ་གཱ་རྫུ་ན་ (नागार्जुन,) Nagarjuna) དང་། བོད་སྐད་དུ་མགོན་པོ་ཀླུ་སྒྲུབ་ཅེས་ཞུ་ཞིང་། སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བཻ་དརྡྷར་བྲམ་ཟེའི་རིགས་སུ་འཁྲུངས། ནཱལནྡཱར་མཁན་པོ་སྒྲ་གཅན་འཛིན་ལས་རབ་ཏུ་བྱུང་སྟེ། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། བསྟན་པ་བསྐྱངས་ཤིང་དབུ་མའི་ཤིང་རྟའི་སྲོལ་བཏོད་དེ་དབུ་མའི་རྒྱན་དུ་གྱུར། སྡེ་པ་ཀུན་གྱི་བདག་པོ་མཛད་ཅིང་། གསེར་འགྱུར་གྱི་རྩི་བསྒྲུབས་ནས་དགེ་འདུན་ལ་འཚོ་བ་སྦྱར། ཀླུ་ཡུལ་དུ་བྱོན་ནས་ཤེར་ཕྱིན་གདན་དྲངས། རིགས་ཚོགས་སོགས་བསྟན་བཅོས་ ༡༤༩ བརྩམས་ཤིང་། མུ་སྟེགས་པ་རྩོད་པས་ཚར་བཅད། ལྷ་ཁང་དང་མཆོད་རྟེན་གྱིས་ས་ཕྱོགས་ཐམས་ཅད་ཁྱབ་པར་མཛད། ནཱལནྡཱའི་མཁན་པོ་མཛད་ཅིང་། འཇམ་དབྱངས་ཀྱིས་རྗེས་སུ་བཟུང་། མདོ་ལུགས་ལ་ས་བརྒྱད་པ་དང་། མཆོག་ཐུན་གྱི་དངོས་གྲུབ་ཐོབ་སྟེ་དགུང་ལོ་ ༦༠༠ བཞུགས། ཨཱརྱ་དེ་ཝ་སོགས་ཐུགས་སྲས་བཞི་དང་། སངས་རྒྱས་བསྐྱངས་སོགས་ཉེ་སྲས་གསུམ་སོགས་སློབ་མ་མང་དུ་བསྐྱངས། ལྷོ་ཕྱོགས་དཔལ་རིར་འཆད་རྩོད་རྩོམ་པས་བསྟན་པ་རྒྱས་པར་མཛད། མཐར་དབུ་སྦྱིན་པ་བཏང་ནས་བདེ་བ་ཅན་དུ་གཤེགས། མ་འོངས་པའི་དུས་སྐུ་དེ་ཉིད་ལ་ཞུགས་ནས་འགྲོ་དོན་མཛད། པཎ་གྲུབ་བཅུ་བདུན་ལས་དང་པོ་ཡིན་ནོ།། སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས། སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་རིན་པོ་ཆེན་མཆོག།། ཕྱི་ལོ་༡༩༣༩ལོའ་ཟླ་༡༡ཚེ་༥ཉིན་མདོ་ཁམས་འཇོལ་ནགས་འབྲུག་ཏུ་ཡབ་མགོན་པོ་བསོད་ནམས་དང་། ཡུམ་པདྨ་མཁའ་འགྲོ་གཉིས་ཀྱི་རིགས་ཀྱི་སྲས་སུ་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ཉིད་ནས་བྱིས་པ་ཐ་མལ་པའི་ངང་ཚུལ་ལས་འདས་པའི་སྐུའི་རྣམ་འགྱུར་དང་། གསུང་གི་བརྗོད་པ། ཐུགས་ཀྱི་ཁྱེར་སོ་ཐད་ནས་སྐྱེས་བུ་དམ་པའི་རང་རྟགས་མངོན་གསལ་ཅན་རང་ཆས་སུ་ཡོད། རང་ལོ་གཉིས་གསུམ་སྐབས་ནས་ཁོང་གི་ཞང་པོ་གྲྭ་བ་བགྲེས་པོ་ཞིག་ཡོད་པ་དེ་ཁྱིམ་དུ་ནམ་ཕེབས་ལ་རིན་པོ་ཆེ་ནས་དགོན་པར་འགྲོ་གིན་ཡིན་ཡང་ཡང་གསུངས་ཀྱི་ཡོད་པ་ལྟར་དགུང་ལོ་བཞི་མཚམས་ཕ་མས་ཀྱང་ཞང་པོ་དང་ལྷན་དུ་གདོལ་པོའི་དགོན་པར་མངགས་བཏང་གནང་། དགུང་ལོ་ལྔརཉེ་བར་ཕེབས་སྐབས་ཟམ་གདོང་མཆོག་སྤྲུལ་སྐུ་ཕྲེང་བཞི་པའི་སྐྱེ་སྤྲུལ་དུ་ངོས་འཛིན་དང་འབྲེལ་འཇོལ་དགའ་ལྡན་བདེ་ཆེན་གླིང་དུ་ཁྲི་འདོན་དང་ཆོས་ཞུགས་མཛད་ནས་རྒན་སྒྲེ་དབྱངས་མཆོག་གི་དྲུང་དུ་སྒྲ་དང་སྙན་ངག་སོགས་ཞིབ་ཏུ་སྦྱངས་ཏེ་སྒྲ་སྙན་ངག་ལ་ཧ་ཅང་གི་མཁས་པར་གྱུར། ད་དུང་རྒྱན་འཇུག་གཉིས་སོགས་གཞུང་ཆེན་ཐུགས་འཛིན་གནང་། དགུང་ལོ་བདུན་ལ་ཕེབས་སྐབས་༸སྐྱབས་རྗེ་ཟངས་འབུམ་རྡོ་རྗེ་འཆང་ཆེན་པོ་ལས་བར་མ་རབ་བྱུང་དང་། དགེ་ཚུལ་གྱི་བསླབ་སྡོམ་ཡང་དག་པར་བཞེས།དགུང་ལོ་དགུར་ཕེབས་སྐབས་བཤེས་གཉེན་ཆེན་པོ་ངག་དབང་སྦྱིན་པ་སོགས་དགེ་བའི་བཤེས་གཉེན་དྲུག་གི་ཞབས་ལ་གཏུགས་ཏེ། ཆོས་སྡེ་དེའི་ཆོ་ག་ཕྱག་ལེན་སོགས་དང་། ཐུན་མོང་གི་རིག་པའི་གནས་རྣམས་ལ་གསན་སྦྱོང་རྒྱ་ཆེར་མཛད།། །། རྒྱས་པར་གཟིགས་ན་དྲ་ཐག་འདི་ནས་གཟིགས་རོགས་གནང་། https://samdhongrinpoche.com

༄༅། །དབུ་མ་རིན་ཆེན་ཕྲེང་བ། འཆད་ཁྲིད་གཉིས་པ། Nagarjuna’s ‘Precious Garland Part 2

འཆི་ཁར་འབྱུང་བཞིའི་ཐིམ་རིམ་འཆར་ཚུལ། ཞིང་གཤེགས་དམ་པ་སྐྱབས་རྗེ་འབོ་དཀར་རིན་པོ་ཆེའི་གསུང་།

རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ལ་གུས་བཏུད་དང་། ཁོང་གི་ཞལ་འཆེམས། བོད་དོན་རྒྱལ་སྤྱི་ནང་ཁྱབ་བསྒྲགས

སྡིག་པ་བཤགས་སྡོམ་བྱེད་ཚུལ། དགེ་བཤེས་བཀྲ་ཤིས་རྡོ་རྗེ།

སྐར་མ་རབ་རིབ་མར་མེ་སོགས་ཀྱི་འགྲེལ་བཤད།

དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་དཔེ་ཁྲིད། ཉིན་དང་པོ།

དཔལ་ལྡན་ཆོས་གྲགས་ཀྱི་ལོ་རྒྱུས། Dharma Kriti VS Shankar Acharya བར་རྩོད་པ།

སྲིད་སྐྱོང་རྒྱབ་སྐྱོར་བ་ཞིག་གི་སྲིད་ཟུར་དང་སྤྱི་འཐུས་ལྷན་ཚོགས་ལ་སྐྱོན་བཙུག་འདུག།

འཆི་བ་མི་རྟག་པའི་སྐོར།། || ལེའུ།། གཉིས་པ།། || (༢) ནམ་འཆི་ཆ་མེད།། || ངེས་པར་དུ་གསན་རོགས།། ||

དབུ་མ་རིན་ཆེན་ཕྲེང་བ། ༼ ཉིན་དང་པོ། ༽
![དཀོན་མཆོག་རྗེས་དྲན་གྱི་མདོ། མཁན་ཆེན་བསོད་ནམས་རྒྱ་མཚོ། Recalling Triple Gems [ Sutra ]](https://i.ytimg.com/vi/2ADnx3ZqM40/hqdefault.jpg?sqp=-oaymwEjCNACELwBSFryq4qpAxUIARUAAAAAGAElAADIQj0AgKJDeAE=&rs=AOn4CLBdfGcLxSIxLz__wb48RKPxFW19ow)
དཀོན་མཆོག་རྗེས་དྲན་གྱི་མདོ། མཁན་ཆེན་བསོད་ནམས་རྒྱ་མཚོ། Recalling Triple Gems [ Sutra ]

༥༢ བདེ་ཆོག་ཁྲིད། སྐུ་གསུམ་ལམ་འཁྱེར། ༡༨དབང་བཞི་སྐུར་བ། བསྐྱེད་རིམ་མཚོན་དོན།

མགོན་མེད་ཟས་སྦྱིན་གྱི་ལོ་རྒྱུས། history of anathapindada @buddhistG

three

ལ་དྭགས་བྱང་ཐང་གི་འབྲོག་པ་དང་། ལམ་སྒྲོན་སློབ་གྲྭའི་སློབ་ཕྲུག་སོགས་ལ་མཇལ་ཁ།

༈ བཟོད་པའི་ལེའུ་ཆ་ཚང་། སྤྱོད་འཇུག ༸གོང་ས་མཆོག

ཡོན་ཏན་གཞིར་གྱུར་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད།🪷📿
![YANGSI [The movie about H.H Dilgo Khyentse Yangsi Rinpoche]](https://i.ytimg.com/vi/3iGdoDm0s3w/hqdefault.jpg?sqp=-oaymwE9CNACELwBSFryq4qpAy8IARUAAAAAGAElAADIQj0AgKJDeAHwAQH4Af4EgALoAooCDAgAEAEYciA8KEcwDw==&rs=AOn4CLBGc3j3YKWon-ZgDaDaMdl3f0yF4w)
YANGSI [The movie about H.H Dilgo Khyentse Yangsi Rinpoche]

