རྒན་བཀྲིས་ཚེ་རིང་གྲོ་མོ་རིན་ཆེན་སྒང་གི་གཞས་ཚིག་སྐོར། Master Tashi Tsering about Dromo Rinchen Gang
ལྷ་སའི་སྟོད་གཞས་ཀྱི་རྒྱུན་འཛིན་པ། བཀྲ་ཤིས་ཚེ་རིང་། དུས་རབས་ཉི་ཤུ་པའི་དུས་འགོར་ལྷ་སའི་ཚོང་པ་ཞིག་རྒྱ་གར་དུ་ཚོང་འདྲེན་པར་འགྲོ་སྐབས། གྲོ་མོ་རིན་ཆེན་སྒང་ལ་རྟག་ཏུ་གནས་ཚང་གཡར་ནས་བསྡད་པ་དང་། དུས་ཡུན་གང་ཙམ་སོང་རྗེས། གནས་ཚང་གི་བུ་མོར་སེམས་པ་ཤོར་ཞིང་། མཐར་ཁོ་གཉིས་བར་བརྩེ་དུང་གི་མདུད་པས་བཅིངས་པ་རེད། དེ་ནས་ལོ་མང་སོང་རྗེས། ལྷ་སའི་ཚོང་པ་ན་སོ་རྒས་པ་དང་། དུས་རྟག་ཏུ་ཆང་ཁང་ནང་ཆང་འཐུང་པ་དང་། གླུ་གཞས་བླངས་ནས་གྲོ་མོར་ཡོད་པའི་སྙིང་སྡུག་དྲན་པའི་སྡུག་བསྔལ་སེལ་ཐབས་བྱེད་པ་དང་། གྲོ་མོ་རིན་ཆེན་སྒང་ལ་འགྲོ་མཁན་བྱུང་ན་སེམས་པའི་ཡིག་ཆུང་བསྐུར་རྒྱུ་ཡོད་ལུགས་བརྗོད་བཞིན་ཡོད་པ་རེད། དེའི་སྐབས་སུ། རང་ལ་བསྐོས་པའི་བཟའ་ཟླ་ནོར་འཛིན་གསལ་སྒྲོན་ཆང་ཁང་དུ་བསླེབས་ཏེ། ཚོང་པའི་ལག་པ་ནས་འཇུས་ཏེ་ཤོ་ལོ་མོ་ལོ་ཀབ་ཅེས་རྒན་པོ་དེ་བསུས་ནས་ཁྱིམ་དུ་ལོག་ཕྱིན་པ་རེད། གྲོ་མོ་རིན་ཆེན་སྒང་གི་གཞས་ཚིག། གྲོ་མོ་རིན་ཆེན་སྒང་ལ་ཕེབས་མཁན་མི་ཞིག་བྱུང་ན། ཆེན་པོའི་ཕྱག་རྟགས་མེད་ཀྱང་སེམས་པའི་ཡིག་ཆུང་བསྐུར་ཆོག སང་བྱོན་གནངས་བྱོན་ཡིན་པའི་ཨ་ཇོའི་གཉའ། ལགས་འོ་ན་ལྷ་སའི་ཆུང་འདྲིས་གསུང་ལ་སྙན་པ་བྱིའུ་ཆུང་འཇོལ་མོས་གསུང་བཤད་གནང་རོགས་གནང་དང་། ལོའོ་ག་རེ་གནང་མཁན་ཡིན་པ། ལོའོ་མཆོད་ཆང་མཆོད་མཁན་ཡིན་པས། ནོར་འཛིན་གསལ་སྒྲོན་སྔོན་གྱི་ལས་ལ་བསྐོས་སོང་། སྟོད་གཞས་ནི་དང་ཐོག་སྟོད་མངའ་རིས་ནས་དར་བ་དང་། དེ་ནས་དིང་རི་དང་། ལྷ་རྩེ། ས་སྐྱ་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་ཞིང་། ཞབས་བྲོའི་རྡིག་ཤུགས་ཆེ་བ་དང་། གླུ་ཚིག་གསལ་བའི་ཁྱད་ཆོས་ལྡན། ཕྱིས་སུ་དབུས་ཕྱོགས་ལྷ་སར་དར་འཕེལ་བྱུང་ཞིང་། སྒྲ་སྙན་གྱིས་གཙོས་པའི་རོལ་ཆ་ཁག་ལྔ་ཙམ་གྱིས་རམ་འདེགས་ཞུ་བ་དང་། ལྷ་སའི་སྐད་ཀྱི་དབྱངས་གཤིས་དང་སྐད་གཤིས་ལ་བསྟུན་ནས། གླུ་ཚིག་ལྡིང་ཞིང་རྒྱུ་བ། ཞབས་བྲོའི་སྟངས་སྟབས་མཛེས་པ། ལྷག་པར་དུ་ཇེམ་ཙེ་ཁ་ཞེས་གླུ་དང་རོལ་དབྱངས་མཚམས་རེར་གཅིག་ཏུ་སྦྲེལ་བ་དང་། མཚམས་རེར་སོ་སོར་གྱེས་ནས་སྒྱུ་རྩལ་གྱི་ཚད་གཞི་མཐོན་པོར་སླེབས་པར་བྱས་ཡོད།

Dromo Rubigang Rinzin and her family

རང་སྲོག་བློས་བཏང་བ་ཙམ་གྱིས་ཧང་སང་ཡ་མེད། འོན་ཀྱང་ཁོང་ནི་བོད་ཀྱི་དཔའ་བོ་ཞིག་ཆགས་པ་རེད།

ཁྲོམ་གཟིགས་སྒང་གི་ཚོང་དཔོན། ཁམས་པའི་བུ་མོ་བཀྲིས་ཆོས་སྒྲོན། #མཛེས་མ། #ཚོང་དཔོན། #བོད་ཀྱི་གཏམ་དཔེ།

རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ཆེད་རྡོ་རིང་བཞེངས་རྒྱུའི་ལས་འཆར་འགོ་བཙུགས་ཚར། རྒྱབ་སྐྱོར་གནང་རོགས🙏🙏✅

དིང་རི་གླ་བསྐོར་ཡུལ་པའི་༢༠༢༥།ལོའི་ཉམས་མཆོད་དགའ་སྟོན་གླུ་གཞས།

“The Nation Speaks” With Rajendra Baniya | Kulman Ghising | Kछ Nepal | EP-08 |

ང་ལ་དགེ་ལུགས་བཀའ་བརྒྱུད་རྙིང་མ་སུའུ་དར་ལྕོག་མི་དགོས། i don't want anyone's flags @gesherab

བྱམས་པའི་ཁ་བརྡ། མཁས་དབང་རྒན་བཀྲ་ཤིས་རྡོ་རྗེས་ལགས། Champa Talk with Dranyen Grandmaster Tashi Dorje

པན་ཆེན་༡༠ པ་ལ་་དུག་སྤྲོད་པའི་གནས་གཏང་ ཏྭ་ལའི་རུས་ཚོགས་ཡིན་པ་གསལ་འདུག་

གྲོ་མོ་རིན་ཆེན་སྒང་། Dromo Rinchen Gang by SF TCV boys

Tibetan New Song Dromo Rinchen ༼གྲོ་མོ་རིན་ཆེན་༽ by Gonpo Trasar

གྲོས་ཚོགས། TPiE 2024 གྲྭ་བ་ཡིན་མདོག ཨ་ནེ་ཡིན་མདོག Pretending to be Monk and Nun at the same time

NY ex Tipa performing Dromo Rinchen gangla +toeshey

དགེ་ལུགས་ལ་དགག་པ་ཤུགས་ཆེན་པོ་རྒྱག་མཁན་ས་སྐྱ་རེད། sakya criticized a lot of gelugpa @gesherab

རྒྱལ་སྤྱིའི་གསར་འགྱུར།International Breaking News 🗞️ 6 July 2026

SHE GOT EMOTIONAL 🥹

བལ་ཡུལ་ལ་སྟོད་པའི་འཁྲབ་གཞས་ལྟད་མོ་འདུག་གདའ།

འཛམ་གླིང་རིག་གནས་ཁྲོད་དུ་བོད་ཀྱི་རིག་གནས་ཀྱི་རིན་ཐང་དང་གནས་བབས། / Geshe Thupten Jinpa / LTWA

Ramalook | Tibetan short movie

