達賴喇嘛尊者:「我」的存在方式 H.H Dalai Lama: Investigating the Existence of the Self

達賴喇嘛尊者講授《般若波羅蜜多心經》 🇹🇼 台灣請法團 日期:2021/05/01 地點:🇮🇳 印度 達蘭薩拉 Dharamsala, India ད་དེ་རྩ་བ་ཤེས་རབ་ཀྱིས་དེ་བཞིན་གཤེགས་པ་ལ་ཡར་སྦྱར་རེད། 《根本慧論》是結合如來 ཕུང་མིན་ཕུང་པོ་ལས་གཞན་མིན།། 「非蘊非離蘊而異 」 དེ་ལ་ཕུང་མེད་དེར་དེ་མེད།། 「彼中無蘊蘊無彼」 དེ་བཞིན་གཤེགས་པ་ཕུང་ལྡན་མིན།། 「如來並非具蘊者」 དེ་བཞིན་གཤེགས་པ་གང་ཞིག་ཡིན།། 「是則何者為如來」 ཚིག་དེ་རང་ལ་ཚུར་འདོན་པ་བསྒྱུར་བྱེད། 此偈運用在自已 改變一下詞句 ངས་རྟག་པར་ཚིག་དེ་འདོན་སྡོད་ཀྱིན་ཡོད། 我時常念誦此偈 ཕུང་མིན། 「非蘊」 ང་ཟེར་བ་དེ། ཕུང་པོ་དེ་ང་མ་རེད། 所謂的「我」「蘊」並不是「我」 ཕུང་པོ་དེ་ལ་བརྟེན་སྡོད་པའི་ངག་དེ་ང་མ་རེད། 依於蘊的「語」也不是「我」 ཕུང་པོའི་ཀླད་པ་ལ་བརྟེན་སྡོད་མཁན་གྱི་ཤེས་པ་དེ་བདག་མ་རེད། 依於蘊的腦子的「認知」也不是「我」 ཕུང་མིན་ཕུང་པོ་ལས་གཞན་མིན།། 「非蘊非離蘊而異」 ཕུང་པོ་ལས་གཞན་དུ་ཡང་ང་ཟེར་བ་དེ་ཡོད་མ་རེད། རྙེད་ཡ་ཡོད་མ་རེད། 在蘊以外 所謂的「我」也不存在 得不到 ཕུང་མིན་ཕུང་པོ་ལས་གཞན་མིན།། 「非蘊非離蘊而異」 དེ་ལ་ཕུང་མེད་དེར་དེ་མེད།། 「彼中無蘊蘊無彼」 བདག་ཅེས་བྱ་བ་ཕུང་ལྡན་མིན།། 「所謂我者非具蘊」 ང་ཟེར་བ་དེ་ལུས་ངག་ཡིད་གསུམ་ང་ལ་ལྡན་སྡོད་ཡོད་ཅེས་ལབ་ནའང་། 若說所謂的「我」具有身語意三者 ང་ག་པ་འདུག་ཅེས་ལབ་ན། ཁྱོན་ནས་བཤད་ཡ་མི་འདུག་བཱ། 試問「我」在哪? 完全講不出來 བདག་ཅེས་བྱ་བ་ཕུང་ལྡན་མིན།། 「所謂我者非具蘊」 བདག་ཅེས་བྱ་བ་གང་ཞིག་ཡིན།། 「所謂我者是為何」 ད་ང་རང་ཚོའི་སེམས་ལ་ང་ཟེར་བ་ཞིག་ཚུགས་ཐུབ་པ་ཞིག་བློ་ལ་ཤར་སྡོད་བ་དེ། 我們的內心顯現一個堅實的「我」 དེ་འདྲ་དཔྱད་པ་བྱེད་ན། ཁྱོན་ནས་མེད་བསྡད་པ་ཞིག་བློ་ལ་ཤར་གྱི་འདུག་བཱ། 若如此的去檢視 心中則會顯現(此我)完全不存在 བྱས་ཙང་། དེ་འདྲ་ཡིན་དུས། 所以 正因如此 དེ་ལྟ་བུའི་གང་ལྟར་ལུས་ངག་ཡིད་གསུམ་ལ་དབང་སྒྱུར་མཁན་གྱི་ང་ཟེར་བ་དེ་རྩ་བ་ཉིད་ནས་རྙེད་ཡ་མེད་བསྡད་པ་ཞིག 此般 操控身語意的「我」 根本找不到 མེད་པ་རེད་དམ་ཟེར་ན། མེད་པ་མ་རེད། (我)不存在嗎?並非不存在 ལས་གསོག་གི་ཡོད་རེད། (我)會累積業 ངའི་ལུས་ཡོད་རེད། ངའི་ངག་ཡོད་རེད། ངའི་སེམས་ཡོད་རེད། 有我的身 有我的語 有我的心 བྱས་ཙང་། རེད་དེ། ལུས་ངག་ཡིད་གསུམ་ལ་དབང་སྒྱུར་མཁན་གྱི་ང་ག་པར་འདུག་ཟེར་ན། 雖然如此 但若問說操控身語意的「我」在哪? ཁྱོན་ནས་མི་འདུག་བཱ། 完全不存在 བྱས་ཙང་། དེ་འདྲ་བྱས་ནས་བསམ་བློ་བཏང་ཡོང་དུས། 因此 這麼思惟時 ང་ཟེར་བ་དེ་བློ་ལ་སྣང་བ་ནང་བཞིན་ 所謂的「我」並不是如內心所顯現般  དོན་སྟེང་ནས་རྙེད་ཡ་མེད་བསྡད་པ་ཞིག་གསལ་པོ་ཞེ་དྲག་རེད། 在義(施設處)上找不到 這是非常清楚的 #dalailama #達賴喇嘛 #無我 #中觀 #根本慧論 感謝‪@般若文化研究學會‬ 開源藏文字體 感謝甘丹寺東頂僧院洛桑丹達格西(དགའ་ལྡན་ཤར་རྩེ་ཉག་རེ་དགེ་བཤེས་བློ་བཟང་བསྟན་དར།)以及甘丹寺北頂僧院洛桑尊追格西(དགའ་ལྡན་བྱང་རྩེ་གོ་བོ་དགེ་བཤེས་བློ་བཟང་བརྩོན་འགྲུས།)協助藏文字幕稿及校對