H.H. The Sakya Gongma Trichen Renpoche la Manjushri Empowerment teaching ❤️🙏🌱

འཇམ་དབྱངས་བསྟོད་པ་གང་བློ་མའི་ལོ་རྒྱུས། —ས་སྐྱ་གོང་མས་གསུངས།— འདི་ལ་ལོ་རྒྱུས་ངོ་མཚར་ཅན་ཞིག་ཡོད་རེད། གང་བློ་མ་དེ་རྒྱ་གར་ལ་ཤིན་ཏུ་སྙན་གྲགས་ཆེན་པོ་ཡིན་ས་རེད། དེ་བཞིན་བོད་ལ་ཡང་ཆོས་རྒྱུད་རིས་སུ་མ་མཆིས་པའི་དགོན་སྡེ་ཁག་ཙམ་དུ་མ་ཟད། མི་སྐྱ་ཚོ་ཡིན་ན་ཡང་རྒྱ་གར་ནང་བཞིན་སློབ་གྲྭ་ཆེན་པོ་ཡོད་མ་རེད་དེ། སློབ་གྲྭ་ཆུང་ཆུང་ཡོད་མཁན་ཚོས་ཀྱང་ཕལ་ཆེ་བས་གང་བློ་མ་མི་འདོན་མཁན་ཡོད་རྒྱུ་མ་རེད། དེས་ན་ཤིན་ཏུ་འཕྲིན་ལས་རྒྱ་ཆེན་པོ་རེད། དེའི་ལོ་རྒྱུས་ཤིག་ཞུས་ན། སྔོན་ན་ལེནྡྲ་ཡི་གཙུག་ལག་ཁང་དུ་པཎྡི་ཏ་རྡོ་རྗེ་མཚོན་ཆ་ཞུ་བ་ཞིག་གིས་མཁན་པོ་མཛད་པའི་སྐབས་ལ། འཇམ་པའི་དབྱངས་ཀྱི་ལྷ་ཁང་ཞིག་གསར་དུ་བཞེངས་གནང་བ་འདྲ། དེའི་སང་ཉིན་ལྷ་ཁང་དེ་དབུ་འབྱེད་མཛད་སྒོ་གནང་རྒྱུ་ཡིན་པས། དོ་དགོང་དེར་མཁན་པོས་པཎྡི་ཏ་ལྔ་བརྒྱ་ལ་བཀའ་གནང་ནས། སང་ཉིན་འཇམ་པའི་དབྱངས་ཀྱི་ལྷ་ཁང་སྒོ་འབྱེད་གནང་རྒྱུ་ཡིན་པས། པཎྡི་ཏ་རེ་རེ་ནས་འཇམ་པའི་དབྱངས་ཀྱི་བསྟོད་པ་རེ་རེ་རྩོམ་ཤོག་ཅེས་མར་བཀའ་གནང་བ་རེད། བཀའ་གནང་བ་བཞིན་པཎྡི་ཏ་སོ་སོའི་གཟིམ་ཁང་ལ་ཕེབས་ཏེ། པཎྡི་ཏ་ཚོས་བཀའ་བསྡུར་བྱས་ཡོད་མ་རེད། སོ་སོའི་གཟིམ་ཤག་ནས་འཇམ་པའི་དབྱངས་ཀྱི་བསྟོད་པ་རེ་རེ་བརྩམས་ཏེ། སང་ཉིན་ཚུར་ལ་བསྡུས་སྐབས་དངོས་གནས་བྱས་ན་མི་འདྲ་བ་རྐྱང་རྐྱང་བརྩམས་པ་ཡིན་སྟབས། བསྟོད་པ་མི་འདྲ་བ་ལྔ་བརྒྱ་ཡོད་དགོས་པ་ལྟ་བུ་རེད་དེ། ཡིན་ན་ཡང་མི་གཅིག་གིས་རྩོམ་པ་ནང་བཞིན་ཐམས་ཅད་གཅིག་གྱུར་གང་བློ་མ་དེ་བྱུང་བ་རེད། དེ་ལྟ་བུ་ཡོང་མི་སྲིད་པ་འདྲ་རེད་མོད། དམིགས་བསལ་གྱིས་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་བྱིན་རླབས་གཞན་དང་མི་འདྲ་བ་ཞིག་ཡིན་པས། དེ་སྔོན་ཆད་མ་བྱུང་བ་ཡ་མཚན་ཆེན་པོ་བྱུང་བས། དེ་ལ་མཁན་པོས་བསྟོད་པ་དེའི་མཚན་ལ་ཡོན་ཏན་བཟང་པོ་ཞེས་བཏགས་ནས་དེ་ཤིན་ཏུ་བྱིན་རླབས་ཆེན་པོ་རེད། གོང་དུ་ཞུས་པ་བཞིན་རྒྱ་གར་འཕགས་པའི་ཡུལ་དང། བོད་གངས་ཅན་ལྗོངས་དང་། གང་ས་ལ་ཁྱབ་བརྡལ་ཆེན་པོ་སོང་ནས། འཕྲིན་ལས་ཀྱང་རྒྱ་ཆེན་པོ་བྱུང་ཡོད་རེད།

Q/A Dharma Talk.Her Eminence Jetsunma KungaTrinley Palter Rinpoche la🗽🇺🇸
▶︎

Introducing Manjushree, 7 August 2022, Online

His Holiness the Dalai Lama leaves Dharamshala to New Delhi, on June 5,2026.

Sakya Tsechen Mahaguru Bhumtsok & 25th anniversary🗽🇺🇸

H H Sakya Gongma and his holy entourage to bless the soil of Canada by flying to Vancouver 🗽6/2/2026

སྒོམ་རྒྱག་ཚུལ།  how to meditation by Sangye Nyenpa

Palpung Thubten Choling Tibetan Monastery  upstate New York USA / New Tibetan Vlog

Manjushri Teaching, 25 July 2020 - Bir, India | 文殊菩薩教法開示 | 2020年7月25 | 印度比爾

ཡང་དག་པའི་ཆོས་པ། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱི་རྨད་དུ་བྱུང་བའི་རྣམ་ཐར།

#lnauguration of Tshogchen #tsuglakhang Ngor Gumpa by H.H 41st #SAKYA GONGMA RINPOCHE #tibetan vlog

Who Will Choose the Next Dalai Lama: Tibet, China or the Dalai Lama Himself? | Compass

His Holiness The 41st Sakya Gongma Trichen Rinpoche La Welcome to New York City

སྟོང་ཉིད་ཀྱི་གོ་བ་ཆུ་ཚོད་ཕྱེད་ཀའི་ནང་ལེན་ཐུབ་པའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བའི་མྱོང་ཁྲིད།

Teaching of Padmasambhawa 🙇🏼 ~ Mingyur Rinpoche || Himalayan Buddhist Monks ||

Sakya Tsechen Way Co-Naming- in Queens (New York City 🗽🇺🇸

History of rat disappear after read dorje chopa @LamaSakya

Vipassana Is Not What You Think ‒ Dzongsar Khyentse Rinpoche

🚨Sangye NYENPA RINPOCHE 🙏རང་ཉིད་ཀྱི་ལས་ངན་པ་དེ་རང་ཉིད་འཁྱེར་དགོས་ཡོད་དོ། 🙇 #TibetanADVICE #karma

摩利支天千供儀軌
▶︎

摩利支天千供儀軌

The Secret Life of Tibet’s Most Romantic Dalai Lama