བློ་རིག་འཆད་ཁྲིད། /Buddhist Psychology. P-1/ 61/ དགེ་བཤེས་ཟླ་བ་ཚེ་རིང་།/Geshe Dawa Tsering
འཆད་འཕྲིན་མཚམས་སྦྱོར། དཔེ་མཚོན་ན། སངས་རྒྱས་ཀྱི་ཆོས་ཚུལ་འདི་རྒྱབ་ལ་གོན་རྒྱུ་ལྭ་བ་ཞིག་ཡིན་ན་སེམས་ཁམས་རིག་པ་ནི་དེའི་རྒྱུ་ཆ་བལ་སྐུད་ཅིག་དང་མཚུངས་པ་ཡིན། བལ་སྐུད་ཀྱིས་ལྭ་བའི་ཕྱི་ནང་ཀུན་ལ་ཁྱབ་པ་ལྟར་སེམས་ཁམས་རིག་པས་ཀྱང་ནང་བསྟན་ཧྲིལ་པོ་ལ་ཁྱབ་ཅིང་ནང་པའི་ལྟ་གྲུབ་ཡོངས་རྫོགས་དེར་དབྱེར་མི་ཕྱེད་པར་ཐིམ་ནས་ཡོད། དེང་ནང་པའི་ལྟ་གྲུབ་ལ་སེམས་ཁམས་ཚན་རིག་བརྗོད་པ་ཡང་དོན་ལ་གནས་པ་ཞིག་ཡིན། དེ་བས་སེམས་ཁམས་རིག་པའམ་བློ་རིག་གི་རྣམ་གཞག་འདི་ཞིབ་མོར་མ་ཤེས་པར་ནང་བསྟན་ལྟ་གྲུབ་ཤེས་འདོད་པ་ནི་འོད་སྣང་སྤངས་ནས་ཉི་མ་ལ་བལྟ་འདོད་པ་དང་ཀུན་ནས་མཚུངས། སྨྲ་བའི་དབང་ཕྱུག་ལྷ་རམས་པ་ཏྲེ་ཧོར་རྒན་ཟླ་བ་ཚེ་རིང་མཆོག་གིས་ཆེས་ཕྲ་ཞིབ་གཏིང་ཟབ་ཀྱིས་བློ་རིག་རྣམ་གཞག་འདི་བཀའ་ཁྲིད་མཛད་ཅིང་། དུས་ཡུན་ཁྱོན་བསྡོམས་ཆུ་ཚོད་དྲུག་ཅུ་ཙམ་བཞུགས། འདི་དགོན་སྡེ་ཁག་ཏུ་རིགས་ལམ་ལ་ཐོག་མར་འཇུག་དུས་འཆད་ཁྲིད་བྱེད་ཐབས་དེ་ཙམ་མིན་པ་སེམས་ཁམས་རིག་པའི་གཞུང་ཆེན་ཁག་དང་ཞིབ་བསྡུར་གཏིང་ཟབ་མཛད་པ་མ་ཟད། བློ་རིག་སོ་སོའི་ཐད་ནང་པའི་གྲུབ་མཐའ་བཞིའི་བཞེད་མཚམས་མི་མཐུན་པ་ཆ་ཕྲ་མོ་ཚུན་ཆད་ཕན་ཚུན་མ་འདྲེས་པར་སོ་སོར་ཕྱེད་དེ་གསལ་བཤད་མཛད་འདུག་པས་སེམས་ཁམས་རིག་པའི་འཆད་ཁྲིད་རྒྱས་ཤོས་དང་འཁྲིད་ཐབས་དམིགས་བསལ་ཅན་རྨད་དུ་བྱུང་བ་ཞིག་ཏུ་འདུག་པས་སེམས་ཁམས་རིག་པའི་རྣམ་གཞག་ལ་ཉམས་ཞིབ་དང་ཡང་ན་ཞིབ་མོར་སྦྱོང་འདུན་ཅན་དག་གིས་ཐུགས་སྣང་མཛད་པ་ཞུ།

ཞབས་བརྟན་གསོལ་འདེབས་གསུམ་གྱི་འགྲེལ་བཤད། explaining 3 main long life prayers of H.H. The Dalai Lama

Positive Mental Attitude - A Key to Happiness

བློ་རིག་འཆད་ཁྲིད། /Buddhist Psychology. P-9/ 61/ དགེ་བཤེས་ཟླ་བ་ཚེ་རིང་།/Geshe Dawa Tsering

སྒོམ་སྒྲུབ་འཆད་ཁྲིད། ཐུན་དང་པོ། ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག Meditation for Teachers 1

༄༅། ནང་པའི་བློ་རིག་རྣམ་གཞག་སློབ་ཁྲིད་། Buddhist Psychology Course in Tibetan - Session: 1/10

Buddhist Meditation by Geshe Thupten Pelsang

༼ནང་པའི་གྲུབ་མཐའ་སྨྲ་བ་བཞི་ལས་བྱེ་བྲག་སྨྲ་བའི་སྐོར་གསུངས་པ།༽

སློབ་ཕྲུག་གི་ཆེད་དུ་སྒོམ་སྒྲུབ་འཆད་ཁྲིད། ལྷ་རམས་པ་གྲགས་པ་ངག་དབང་སྐལ་བཟང་མཆོགMeditation for students2

Teaching on Emptiness & Advice (སྟོང་ཉིད་དང་བསླབ་བྱ།) by Ven. Geshe Lobsang Dawa la at Dharamsala

ཞི་གནས་བདེ་ཞིང་མྱུར་དུ་གྲུབ་པའི་རྒྱུ་ཚོགས་དྲུག Six Causes for achieving Shamatha Easily and Swiftly

བཤེས་སྤྲིངས། དུམ་བུ་ ༤༠

བོད་ཀྱི་སྲོལ་རྒྱུན་སྨན་རྩིས་ངོ་སྤྲོད། སྨན་རམས་པ་ཨེ་པ་བསོད་ནམས་རིན་ཆེན།

སེམས་བསྐྱེད་ཀྱི་ཆོས་འབྲེལ།

ཤེས་རབ་སྙིང་པོའི་འཆད་འཁྲིད་ཉིན་དང་པོ། དགེ་བཤེས་བློ་བཟང་བརྩོན་འགྲུས།

དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སྩལ་བའི་དོལ་རྒྱལ་སྐོར་གྱི་བླང་དོར་བཀའ་སློབ།

དགེ་བཤེས་ཐུབ་བསྟན་དཔལ་བཟང་ནས་རྣམ་འགྲེལ་ལེའུ་གཉིས་པ། ཉིན་དང་པོ། ༢༠༡༤.༩.༡༠

གོ་བདེ་ལ་སྟབས་བདེ་པོ་ངང་ནས་བྱམས་ཆུབ་ཀྱི་སེམས་དང་སྟོང་ཉིད་ཉམས་སུ་ལེན་སྟང་གྱི་གསུངས།🙏🙏🙏🙏🙏🙏

༣༽ སྐྱིད་སྡུག་ལམ་འཁྱེར།

བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐེངས་བཅོ་ལྔ་པ། (༢༠༢༦)

