Ngondro Teaching-1B (Prostration to 35 Buddhas)༼ ལྟུང་བཤགས་དང་འབྲེལ་ཏེ་ཕྱག་འཚལ་ཚུལ༽ by GomdeLharampa
Prostration to 35 Buddhas ༼ ལྟུང་བཤགས་ཀྱི་ལྷ་སོ་ལྔ ༽ ༼ ༡ ༽ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། བསྐལ་པ་ཆེན་པོ་ཁྲི་ཕྲག་བཅུ་གཅིག་གི་སྡིག་པ་འདག་གོ། ། ༼ ༢ ༽ དེ་བཞིན་གཤེགས་པ་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། ། བསྐལ་པ་ཆེན་པོ་ཁྲི་ཕྲག་བཅུ་གཅིག་གི་སྡིག་པ་འདག་གོ། ། ༼ ༣ ༽ དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། ། བསྐལ་པ་ཉིས་ཁྲི་ལྔ་སྟོང་གི་སྡིག་པ་འདག་གོ། ། ༼ ༤ ༽ དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བསྐལ་པ་བརྒྱད་ཀྱི་སྡིག་པ་འདག་གོ། ། ༼ ༥ ༽ དེ་བཞིན་གཤེགས་པ་དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། ། ངག་གི་སྒོ་ནས་བྱས་པའི་སྡིག་པ་འདག་གོ། ། ༼ ༦ ༽ དེ་བཞིན་གཤེགས་པ་དཔལ་དགྱེས་ལ་ཕྱག་འཚལ་ལོ། ། ཡིད་ཀྱི་སྒོ་ནས་བྱས་པའི་སྡིག་པ་འདག་གོ། ། ༼ ༧ ༽ དེ་བཞིན་གཤེགས་པ་རིན་ཆེན་མེ་ལ་ཕྱག་འཚལ་ལོ། ། དགེ་འདུན་གྱི་དཀོར་ལ་འབགས་པའི་སྡིག་པ་འདག་གོ། ། ༼ ༨ ༽ དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། ། འཕགས་པ་ལ་སྐུར་བ་བཏབ་པའི་སྡིག་པ་འདག་གོ། ། ༼ ༩ ༽ དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། ། བསྐལ་པ་གཉིས་ཀྱི་སྡིག་པ་འདག་གོ། ། ༼ ༡༠ ༽ དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། ། མ་བསད་པའི་སྡིག་པ་འདག་གོ། ། ༼ ༡༡ ༽ དེ་བཞིན་གཤེགས་པ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། ། ཕ་བསད་པའི་སྡིག་པ་འདག་གོ། ། ༼ ༡༢ ༽ དེ་བཞིན་གཤེགས་པ་དཔལ་བྱིན་ལ་ཕྱག་འཚལ་ལོ། ། དགྲ་བཅོམ་པ་བསད་པའི་སྡིག་པ་འདག་གོ། ། ༼ ༡༣ ༽ དེ་བཞིན་གཤེགས་པ་ཚངས་པ་ལ་ཕྱག་འཚལ་ལོ། ། དགེ་འདུན་གྱི་དབྱེན་བྱས་པའི་སྡིག་པ་འདག་གོ། ། ༼ ༡༤ ༽ དེ་བཞིན་གཤེགས་པ་ཚངས་པས་བྱིན་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་སྡིག་པ་འདག་གོ། ༼ ༡༥ ༽ དེ་བཞིན་གཤེགས་པ་ཆུ་ལྷ་ལ་ཕྱག་འཚལ་ལོ། ། དགྲ་བཅོམ་མ་སུན་འབྱིན་པའི་སྡིག་པ་འདག་གོ། ། ༼ ༡༦ ༽ དེ་བཞིན་གཤེགས་པ་ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་པར་སེམས་ངེས་པར་གནས་པ་བསད་པའི་སྡིག་པ་འདག་གོ། ། ༼ ༡༧ ༽ དེ་བཞིན་གཤེགས་པ་དཔལ་བཟངས་ལ་ཕྱག་འཚལ་ལོ། ། འཕགས་པ་དང་སློབ་དཔོན་བསད་པའི་སྡིག་པ་འདག་གོ། ། ༼ ༡༨ ༽ དེ་བཞིན་གཤེགས་པ་ཙན་དན་དཔལ་ལ་ཕྱག་འཚལ་ལོ། ། དགེ་འདུན་གྱི་ཞལ་སྒོར་འདུ་བ་འཕྲོགས་པའི་སྡིག་པ་འདག་གོ། ། ༼ ༡༩ ༽ དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། ། མཆོད་རྟེན་བཤིག་པའི་སྡིག་པ་འདག་གོ། ། ༼ ༢༠ ༽ དེ་བཞིན་གཤེགས་པ་འོད་དཔལ་ལ་ཕྱག་འཚལ་ལོ། ། ཞེ་སྡང་གི་ཀུན་ནས་བསླངས་པའི་སྡིག་པ་འདག་གོ། ། ༼ ༢༡ ༽ དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། ། འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྡིག་པ་འདག་གོ། ། ༼ ༢༢ ༽ དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། ། བསྐལ་པ་ཁྲི་གཅིག་གི་སྡིག་པ་འདག་གོ། ། ༼ ༢༣ ༽ དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། ། བསྐལ་པ་འབུམ་གྱི་སྡིག་པ་འདག་གོ། ། ༼ ༢༤ ༽ དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། ། བསྐལ་པ་སྟོང་གི་སྡིག་པ་འདག་གོ། ། ༼ ༢༥ ༽ དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། ། བསྐལ་པ་བདུན་གྱི་སྡིག་པ་འདག་གོ། ། ༼ ༢༦ ༽ དེ་བཞིན་གཤེགས་པ་ནོར་དཔལ་ལ་ཕྱག་འཚལ་ལོ། ། བག་ཆགས་ཀྱི་སྒྲིབ་པ་སྡིག་པ་འདག་གོ། ། ༼ ༢༧ ༽ དེ་བཞིན་གཤེགས་པ་དྲན་པའི་དཔལ་ལ་ཕྱག་འཚལ་ལོ། ། ལུས་ཀྱི་སྒོ་ནས་བྱས་པའི་སྡིག་པ་འདག་གོ། ། ༼ ༢༨ ༽ དེ་བཞིན་གཤེགས་པ་མཚན་དཔལ་ཤིན་དུ་ཡོངས་བསྒྲགས་ལ་ཕྱག་འཚལ་ལོ། ། སངས་རྒྱས་འབྱུང་བ་ལ་མཉེས་པར་མ་བྱས་པའི་སྡིག་པ་འདག་གོ། ། ༼ ༢༩ ༽ དེ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། རང་གིས་བྱས་པའི་སྡིག་པ་འདག་གོ། ། ༼ ༣༠ ༽ དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། ། གཞན་ལ་བྱེད་དུ་འཇུག་པའི་སྡིག་པ་འདག་གོ། ། ༼ ༣༡ ༽ དེ་བཞིན་གཤེགས་པ་གཡུལ་ལས་ཤིན་དུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། ང་རྒྱལ་གྱི་སྒོ་ནས་བྱས་པའི་སྡིག་པ་འདག་གོ། ། ༼ ༣༢ ༽ དེ་བཞིན་གཤེགས་པ་རྣམ་པར་གནོན་པས་གཤེགས་པ་ལ་ཕྱག་འཚལ་ལོ། ། ཕྲ་མ་བྱས་པའི་སྡིག་པ་འདག་གོ། ། ༼ ༣༣ ༽ དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་བྱས་པའི་སྡིག་པ་འདག་གོ། ། ༼ ༣༤ ༽ དེ་བཞིན་གཤེགས་པ་རིན་ཆེན་པདྨ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། ། དམ་པའི་ཆོས་སྤངས་པའི་ལས་བྱས་པའི་སྡིག་པ་འདག་གོ། ། ༼༣༥༽ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་ཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དམ་ཚིག་ཉམས་པའི་སྡིག་པ་འདག་གོ། །

Ngondro Teaching - 1A (Prostration) ༼ སྔོན་འགྲོ་ཕྱག་འཚལ་བའི་སྐོར ༽ by Gomde Lharampa

History of inviting Lhasa jowo @GuruRinpoche25

ང་ལ་གསེར་ཡོད་གསུངས་པའི་ལོ་རྒྱུས། history of Mila repa said I have gold @buddhistG

ཀློང་རྡོལ་བླ་མ་རིན་པོ་ཆེས་མཛད་པའི་སྡིག་བཤགས་བྱེད་ཚུལ་སྐོར་འཆད་ཁྲིད་ཉིན་དང་པོ།

གཡུང་དྲུང་བོན་གྱི་[སྟོད་འགག་སྔོན་པོའི་} སྐོར།། || ༧སྨན་རིའི་དཔོན་སློབ་མཆོག་གི་བཀའ་སློབ།། || སྟོད་འགག

Ngondro Teaching- 2 (Taking Refuge & Generating Bodhichitta) ༼ སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྐོར ༽

རྫ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་བོད་འགྱུར་གྱི་ལས་གཞི་དང་འབྲེལ་དཔལ་སྤྲུལ་རིན་པོ་ཆེའི་གལ་ཆེན་གླེང་བ།

Ngondro Teaching-1C ༼ ལྟུང་བཤགས་དང་འབྲེལ་ཏེ་ཕྱག་འཚལ་ཚུལ༽ by Gomde Lharampa

ནང་ཆོས་དང་ཚན་རིག དེང་རབས་ཚན་རིག་དང་ནང་ཆོས་ཀྱི་སྐྱེ་བ་སྔ་ཕྱི་ཐུགས་དམ་སོགས་ཀྱི་སྐོར།

ཐུན་དྲུག་བླ་མའི་རྣལ་འབྱོར།

佛說老女人經 01 | The Questions of An Old Lady | 宗薩欽哲仁波切 | Dzongsar Khyentse Rinpoche |

Phakteo by Gomde Lharampa Pt 2

༄༅༈རྒྱལ་དབང་ཀརྨ་པའི་གསུང་ཆོས། མྱ་ངན་མེད་ཀྱི་ལོ་རྒྱུས། speech by H.H karmapa rinpochea

བློ་སྦྱོང་གིས་ཕན་པའི་ལོ་རྒྱུས། history of solved problems by mind training practice @buddhistG

རླུང་རྟའི་འགྲེལ་བཤད། LungTa (Part 1) by Gomde Lharampa August 19, 2017

དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མའི་སྐོར་གཏམ་བཤད།

ཚེ་ལས་འདས་པ་རྣམས་ཀྱི་ཆེད་ནང་པའི་ལུགས་བཞིན་འདས་མཆོད་བྱེད་ལུགས། Buddhist Way of Helping the Deceased

Ngondro by NamNying Rimpoche

Part1(བདེན་བཞི་དང་རྟེན་འབྲེལ་)4-Noble Truths&Dependent Origination by Geshe LobsangDawa la-Tib Lang.

