ཡབ་གཞིས་ཚང་གི་ལོ་རྒྱུས་འཁོད་པའི་༼སྐུ་མདུན༽ཞེས་པའི་དཔེ་དེབ་བོད་འགྱུར་མ་གླེང་བ།
2026-07-17བོད་ཀྱི་གསར་འགྱུར། བོད་ནང་གི་གསར་འགྱུར། ༡)བོད་ཀྱི་སློབ་གསོ་བ་ཆེན་མོ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟུར་བ་བདེ་མཆོག་ལགས་སྐུ་གྲོངས་པར་བོད་ཕྱི་ནང་གཉིས་ཀྱི་ཁོང་གི་སློབ་མ་གཙོས་པའི་བོད་མི་མང་པོས་མྱ་ངན་རྗེས་དྲན་ཞུ་བཞིན་པ། ༢) ཉེ་ཆར་བོད་ནང་ས་ཁུལ་མང་པོར་དྲག་ཆར་ཆུ་ལོག་བྱུང་བའི་ཁྲོད་མདོ་ལྷོ་བསང་ཆུ་རྫོང་ཁོངས་ཀྱི་མར་ཐང་གྲོང་བརྡལ་དང་རྒན་གྱ་གྲོང་བརྡལ་ནང་གནོད་ཚབས་ཆེ་ཤོས་ཐེབས་ཡོད་པ་རེད། བཙན་བྱོལ་བོད་ཀྱི་གསར་འགྱུར། ༡) ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ཉིན་རེར་ལ་དྭགས་ཡུལ་མི་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་དང་ཤེས་ཡོན་པ་སློབ་ཕྲུག་སོགས་མི་གྲངས་བརྒྱ་ཕྲག་ཁ་ཤས་ལ་མཇལ་ཁ་དང་བཀའ་སློབ་སྩོལ་བཞིན་ཡོད། ༢) བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྭ་དྭགས་སླེ་བྱང་དང་ ཀུལླུ་མ་ནཱ་ལཱི།མན་ཌིས་མཚོ་པདྨ་སོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་གཟིགས་སྐོར་ལེགས་འགྲུབ་བྱུང་ཡོད་པ་རེད། ༣) ཨ་རིའི་ནིའུ་ཡོག་ཏུ་བོད་མི་ཚོས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་པུར་སྒམ་འདྲ་གཟུགས་ཁུར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་རྒྱལ་ཚོགས་ལ་འབོད་སྐུལ་གྱི་གོམ་འགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ༤) སུད་སིར་གནས་སྡོད་བོད་མི་རྐང་རྩེད་སྤོ་ལོ་རྩེད་མཁན་ཞིག་གིས་བྷེལ་ཇམ་FC Brugesརྐང་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་རྒྱུའི་གན་རྒྱ་བཞག་པ་དེར་བོད་མི་ཚོས་དགའ་མོས་བྱེད་བཞིན་ཡོད། རྒྱལ་སྤྱིའི་གསར་འགྱུར། ༡) ཧོང་ཀོང་ནང་དཔེ་དེབ་ཚོང་ཁང་གཉིས་ཀྱི་ལས་མི་ལྔ་ཉེན་རྟོག་པས་བཀག་སྡོམ་དཔེ་དེབ་བཙོང་བའི་དོག་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། ༢) རྒྱ་ནག་ཤར་ལྷོའི་ཕྱོགས་ཀྱི་ཁྲོང་ཆིན་ནང་རི་ཉིལ་བའི་དོན་རྐྱེན་བྱུང་ནས་ཉུང་མཐའ་མི་གྲངས་བརྒྱད་རྐྱེན་འདས་ཕྱིན་འདུག ༣) ཟླ་འདིའི་ཚེས་༡༩ཉིན་ཏེ་ཨ་རིའི་རེས་གཟའ་ཉི་མར་༢༠༢༦ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་བསྡུར་དེ་ཨར་ཇིན་ཌིས་ན་དང་སི་པན་གཉིས་བར་གནང་གི་ཡོད། དཔྱད་གཏམ། བོད་མིའི་སྒྲིག་འཛུགས་ལྷོ་སྤྱི་ལས་ཁུངས་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་ཟུང་འབྲེལ་ཐོག་རྒྱ་གར་བྷང་ལོར་ཁུལ་དུ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་བསྟུན་༧གོང་ས་མཆོག་གི་མཛད་འཕྲིན་དང་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་བ་སོགས་ཀྱི་ཐད་འབྲེལ་ཡོད་ལ་བཅར་འདྲི་བྱས་ཡོད། རྩོམ་རིག ཉེ་ཆར་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་ངོས་ནས་སྐུ་མདུན་ཞེས་པའི་དཔེ་དེབ་ཀྱི་བོད་འགྱུར་དེབ་དཔར་སྐྲུན་འགྲེམ་སྤེལ་གནང་བ་དང་བསྟུན་ནས་དེབ་དེའི་བོད་འགྱུར་ལོ་ཙྭ་བ་བསོད་ནམ་རྒྱལ་ལགས་དང་མཉམ་དུ་གླེང་མོལ་བྱས་ཡོད།

Meet the New Kalon: Ugyen Tenzin, Kalon ( Minister) of Department of Education (CTA)

July-18 ዓቢ ውሳኔ I ጥፍኣታ ዝኣኸለ PP I ጉድ ባንዳ ተጋሩ I ስዑዲ ባሕርና ሑቲ I PP ንዕርበታ ትህንደድ I Eritrea-Sudan Hit Abiy

བླ་མ་མཆོད་པའི་འགྲེལ་བཤད། lama choepa explanation

རང་སྲོག་བློས་བཏང་བ་ཙམ་གྱིས་ཧང་སང་ཡ་མེད། འོན་ཀྱང་ཁོང་ནི་བོད་ཀྱི་དཔའ་བོ་ཞིག་ཆགས་པ་རེད།

མ་འོངས་པར་རྒྱ་ནག་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བ་ཡིན་ན། ང་ཚོས་ད་ལྟ་ནས་གྲ་སྒྲིག་བྱེད་དགོས།

བོད་ཀྱི་ཡིག་ཚང་། འཆད་ཁྲིད་མཁན། རྒྱལ་མོ་འབྲུག་པ།

རྒྱ་གར་སྒེར་གྱི་མེ་ཤུགས་འཕུར་མདའ་ཐོག་མ་། International Breaking News 🗞️

ཚོར་བའི་རྟ་ལ་མ་ཞོན་པར་རྒྱུན་སྲིང་ནས་ཕྱག་ལས་གནང་། | #Speaker #DolmaTsering on #TenzinDelekRinpoche ||

༸རྒྱལ་བ་ཚངས་དབྱངས་རྒྱ་མཚོས་གཙང་སྟོད་སྤོ་རོང་རྗེ་དབོན་ལ་སྤྲིངས་པའི་བཀའ་ཤོག་གསར་རྙེད་ཀྱི་ནང་དོན་སྐོར།

Chithue Kunchok Chodon in Bylakuppe #tibetanvlogger #tibetanyoutuber #india

زبان هزارگی یا لهجه هزارگی؟ | دکتر محمدی شاری از ریشههای زبان هزارگی میگوید | هزارخانه

༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྐོར་རགས་ཙམ་གླེང་པ། || སྙན་ངག་བེ་རི་འཇིགས་མེད་དབང་རྒྱལ།

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་སྐུལ་ཁྲིམས་ལུགས་ཞེས་པའི་སྐོར་གྱི་རྩོམ་ཡིག

དྲུག་པ་ཚེ་བཞི་དང་འདི་རིང་གང་བྱེད་དགོས་པའི་སྐོར། auspicious day and what should do today @gesherab

In Dialogue with Cheng Li-wun: Taiwan for a "Chain of Peace and Prosperity"
![You’ll stop using ChatGPT after listening to this | Jonathan Pageau [ARC 2026]](https://i.ytimg.com/vi/yZUuKzDQSsI/hqdefault.jpg?sqp=-oaymwEjCNACELwBSFryq4qpAxUIARUAAAAAGAElAADIQj0AgKJDeAE=&rs=AOn4CLAXTozuIcoGA_3ys1pkvHYXgL8C4Q)
You’ll stop using ChatGPT after listening to this | Jonathan Pageau [ARC 2026]

བོད་ནང་སེམས་སྐྱོ་དགོས་པའི་གནས་ཚུལ་གསར་པ་།News in Tibet Spread awarness

བོད་མི་མང་སྤྱི་འཐུས། དགེ་གཤེས་ལྷ་རམ་པ་གོ་བོ་བློ་བཟང་ཕན་བདེ་ལྷན་གླེང་མོ།

༄།བོད་ཀྱི་གློག་བརྙན་གསར་པ། ཤར་གླུང་།👍😍

