༄༅། །དཔལ་ལྡན་ས་སྐྱ་པའི་བྱུང་རིམ་ལོ་རྒྱུས།
ས་སྐྱའི་ལོ་རྒྱུས་སྙིང་བསྡུས། ༄༅། །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་འདི་བཞིན་གྲུབ་བརྙེས་དབང་ཕྱུག་ཆེན་པོ་འཁོན་དཀོན་མཆོག་རྒྱལ་པོས་༸རྒྱལ་བའི་ལུང་གིས་ཟིན་ཅིང་། བཀྲ་ཤིས་དགེ་མཚན་དཔལ་གྱིས་མངོན་པར་མཐོ་བའི་གནས་མཆོག་དཔོན་པོ་རིར་རབ་བྱུང་དང་པོའི་ཆུ་མོ་གླང་། ཕྱི་ལོ་ ༡༠༧༣ ལོར་གཙུག་ལག་ཁང་ཕྱག་བཏབ་ཅིང་། སྤོང་ཀློག་གི་བྱ་བས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལམ་ལ་བཀོད་པ་ནས་བཟུང་། རིམ་པར་གནས་མིང་ཆོས་བརྒྱུད་ལ་ཐོགས་ནས་དཔལ་ལྡན་ས་སྐྱ་པ་ཞེས་པའི་ལྟ་གྲུབ་ཐོག་མར་དབུ་བརྙེས། བར་དུ་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོས་འཕགས་ཡུལ་མཁས་པའི་བཞེད་གཞུང་ལོ་ཙཱ་བ་རྣམ་བཞི་ལས་བརྒྱུད་པའི་ཟབ་ཆོས་མཐའ་དག་གསན་བསམ་སྒོམ་སྒྲུབ་ཉམས་བཞེས་དང་སྦྲགས། ཟབ་ཅིང་རྒྱ་ཆེ་བའི་རྒྱུ་འབྲས་ཐེག་པའི་ཆོས་ཚུལ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པར་སྲོལ་བཏོད། ཐ་མརa་རྗེ་བཙུན་སྐུ་མཆེད་ཟུང་དང་། ཆོས་སྲིད་གཉིས་ལ་མཛད་རྗེས་མངོན་པར་མཐོ་བའི་ཆོས་རྗེ་ཁུ་དབོན་རྣམ་གཉིས་ཀྱི་སྐུ་རིང་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཐུབ་བསྟན་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་དེ། མཁས་གྲུབ་སློབ་བརྒྱུད་རིམ་པར་བྱོན་གྱི་གདན་ས་མི་འདྲ་བ་མཛད་པར་བརྟེན། དཔལ་ལྡན་ངོར་རྫོང་ཚར་གསུམ་ལ་སོགས་པ་ཞལ་སློབ་ཉིང་སློབ་དང་བཅས་པའི་མདོ་སྔགས་ཟུང་སྦྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལྟ་བུ་འདི་ཉིད་བླ་ནས་བླར་འདེགས་པར་མཛད་བཞིན་པ་བཅས་སོ། ། གཏམ་བཤད་གནང་མཁན་གྱི་ལོ་རྒྱུས་སྙིང་བསྡུས། ༄༅། །མཁན་པོ་སྤྱན་ཡངས་རྒྱ་མཚོ་ལགས་ནི། ཐོག་མར་བྱེས་ཀྱི་གདན་ས་ཆེན་པོ་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་གི་སྒྲིག་ཁོངས་སུ་འཛུལ་ཞུགས་གནང་། སྔ་རྟིང་ཀུན་ཏུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་མདུན་ནས་གསུང་ངག་ལམ་འབྲས་ཀྱི་མཚོན་ཟབ་རྒྱས་ཀྱི་གདམས་པ་མང་པོ་གསན་བསམ་མཛད་རྒྱུའི་སྐལ་བཟང་ཐོབ་ཅིང་། ཕྱི་ལོ་ ༡༩༩༢ ནས་ ༢༠༠༥ བར་དཔལ་ས་སྐྱའི་མཐོ་སློབ་ཏུ་མཁན་ཆེན་ཞིང་གཤེགས་དམ་པ་མིག་དམར་ཚེ་རིང་མཆོག་དང་མཁན་ཆེན་བསོད་ནམས་རྒྱ་མཚོ་མཁན་ཆེན་ལུང་རིགས་སེངྒེ་རྣམ་པའི་སྐུ་མདུན་ནས་ནང་དོན་རིག་པར་བསླབ་པ་སློབ་གཉེར་གནང་བ་མ་ཟད། དེ་གར་ལོ་ཤས་རིང་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་། དེ་རྗེས་ས་སྐྱ་ཆོས་སྒར་དུ་ཕེབས། ད་ལྟ་སྒྲོལ་མ་ཕོ་བྲང་དུ་ཕྱག་ལས་གནང་བཞིན་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།

༄༅། །རི་བོ་དགེ་ལྡན་པའི་བྱུང་རིམ་ལོ་རྒྱུས།

བསླབ་པ་བགྲེས་པའི་ཟབ་སྦྱོང་། ༼༢༠༢༦༽

༄༅། །འགྲོ་མགོན་བཀའ་བརྒྱུད་པའི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད།

༥༦ བདེ་ཆོག་ཁྲིད། ཞི་གནས་སྒོམ་སྟངས་ཤིན་ཏུ་གསལ་བ།

སྦྱིན་སྲེག་གི་སྐོར་གླེང་བ། རོ་ཕུང་མེར་སྲེག་གི་སྐོར། གཏམ་གསར་དྲི་མེད་ཀུན་ཕན།✌️🥰

སྒྲ་སྒྱུར་གྱི་རྣམ་གཞག་དང་ལོ་ཙཱ་བའི་བྱུང་རིམ། སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས།

བོད་ཀྱི་ལོ་རྒྱུས་རིག་གནས་ངོ་སྤྲོད། ལེ་ཚན་ལྔ་པ། History of Tibet, Ep05

༥༢ བདེ་ཆོག་ཁྲིད། སྐུ་གསུམ་ལམ་འཁྱེར། ༡༨དབང་བཞི་སྐུར་བ། བསྐྱེད་རིམ་མཚོན་དོན།

ཨི་རན་དང་ཨ་རིའི་དམག་འཁྲུག་མཇུག་བསྒྲིལ་བ། US and Iran sign ceasefire agreement 🗞️

༄༅། །དཔལ་ས་སྐྱ་པའི་ཆོས་བརྒྱུད་ནང་སློབ་གཉེར་གནང་ཕྱོགས་སྐོར།

༄༅། །སྟག་མོ་ལུས་སྦྱིན་གྱི་སྐྱེས་རབས། སློབ་དཔོན་ལྷ་རྩེ་མཁས་བཙུན་ལགས། The Tale of the Hungry Tigress

མཁས་དབང་བེ་རེ་འཇིག་མེད་དབང་རྒྱལ་མཆོག་གིས་གནས་ཆུང་སྐོར་གསུང་པ།
![འཇམ་དབྱངས་ཆོས་རྗེ་ས་པཎ་གྱི་རྣམ་པར་ཐར་པ། Biography Of [Sakya Pandita]](https://i.ytimg.com/vi/o6Zwuu0u7IA/hqdefault.jpg?sqp=-oaymwEjCNACELwBSFryq4qpAxUIARUAAAAAGAElAADIQj0AgKJDeAE=&rs=AOn4CLAs2QH0dIJIZt8Mi-uiOlbkvqd_AA)
འཇམ་དབྱངས་ཆོས་རྗེ་ས་པཎ་གྱི་རྣམ་པར་ཐར་པ། Biography Of [Sakya Pandita]

History of tilopa and naropa @LamaSakya

རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་སྡོམ་ཚིག

༢༠༢༠ ཕྱི་ཟླ་ ༧ ཚེས་ ༢༠ ཉིན་རིན་པོ་ཆེ་མཆོག་གིས་མཎྜལ་འབུལ་ཚུལ་སྐོར་ལམ་སྟོན་གསུང་བཤད་གནང་བ།

༄༅། །ནང་ཆོས་ངོ་སྤྲོད་དང་སྦྲགས་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་སྒོམ་ཚུལ།༼༢༠༢༤།༠༦།༠༧འཆད་ཁྲིད་ཉིན་༧་པ།༽

གཤིན་པོའི་འཕོ་བ་ཡི་ཕན་ཡོན། འཕོ་བའི་ཉམས་ལེན། མ་བསྒོམ་པའི་ཆོས་གཅིག

བོད་ཀྱི་གནའ་བོའི་ལོ་རྒྱུས་ལས་འཕྲོས་ཏེ་བོད་ཀྱི་དཔལ་ཡོན་དབུ་བརྙེས་ཚུལ། Origin of Tibetan Civilization

