དགའ་ལྡན་ལྔ་མཆོད་དང་རྗེ་ཙོང་ཁ་པའི་རྣམ་ཐར། Gaden Ngachoe and Lama Tsongkhapa
You can read this རྗེ་བླ་མའི་རྣམ་ཐར་སྡོམ་ཚིག ———— བེ་རི་རྒྱལ་སྲས། གཅིག་གསུམ་ང་བདུན་ལོ་ལ་སྐུ་འབུམ་དུ།། ཀླུ་འབུམ་དགེ་དང་ཤིང་མོའི་སྲས་སུ་འཁྲུངས།། དགུང་ལོ་གསུམ་ལ་ཀརྨ་རོལ་རྡོའི་དྲུང་།། དགེ་བསྙེན་བསྒྲུབས་ཤིང་ཀུན་དགའ་སྙིང་པོ་གསོལ།། བྱིས་པའི་དུས་ནས་ཆོས་རྗེ་དོན་རིན་གྱིས།། བསྐྱངས་ཤིང་གསང་མཚན་དོན་ཡོད་རྡོ་རྗེ་གསོལ།། དགུང་ལོ་བདུན་ལ་ཆོས་རྗེ་དོན་རིན་དྲུང་།། དགེ་ཚུལ་བསྒྲུབས་ཤིང་བློ་བཟང་གྲགས་པ་གསོལ།། བཅུ་དྲུག་ལོ་ལ་བཀའ་བཞིན་དབུས་སུ་ཕེབས།། དགུང་ལོ་བཅུ་བདུན་འབྲི་གུང་གདན་སར་ཞུགས།། སྤྱན་སྔ་གྲགས་བྱང་དྲུང་ནས་སེམས་བསྐྱེད་ཞུས།། བླ་མ་གཙོ་བོ་བཞི་ཀས་ཕར་ཕྱིན་གསན།། དབུ་ཕར་ཚད་སོགས་ཕལ་ཆེར་རེ་འདའ་ལས།། གསན་པས་འགྲན་ཟླ་མེད་པའི་བླ་མར་བཟུང་།། བཅུ་དགུ་ལོ་ནས་གྲ་སྐོར་སྙན་གྲཌ་འབར།། ཉེ་བཞིར་? ཚུལ་ཁྲིམས་ལས་ནི་བསྙེན་རྫོཌ་བླངས།། སོ་གཅིག་ཚལ་དུ་ལེཌ་བཤད་གསེར་ཕྲེང་མཛད།། མོན་མཁར་གཞུང་ཆེན་བཅུ་བདུན་གསུངས་པས་གྲཌ།། སོ་གཅིག་ལོ་ལ་རྫིང་ཕྱི་ཉམས་གསོ་མཛད།། དགུང་ལོ་བཞི་བཅུར་གཉལ་ལུང་ཆེན་མོ་གསུངས།། བཀའ་བཞིན་འོལ་ཁར་སྒྲིབ་སྦྱོང་རབ་མཛད་པས།། ཞེ་གཅིག་ལོ་ལ་ལྟ་བ་རྙེད་ཚུལ་བསྟན།། དེ་མ་ཐག་ཏུ་རྟེན་འབྲེལ་བསྟོད་པ་མཛད།། དགུང་ལོ་ཞེ་ལྔར་ལམ་རིམ་ཆེན་མོ་དང་།། ཞེ་དྲུག་ལོ་ལ་རྩ་ལྟུང་རྣམ་བཤད་དང་།། དགུང་ལོ་ཞེ་དགུར་སྔགས་རིམ་ཆེན་མོ་མཛད།། ལྔ་བཅུ་ལོ་ལ་ལེགས་བཤད་སྙིང་པོ་དང་།། ང་གཅིག་ལོ་ལ་རྩ་ཤེ་ཊིཀ་ཆེན་མཛད།། ང་གསུམ་ལོ་ལ་སྨོན་ལམ་ཆེན་མོ་བཙུགས།། ང་བཞིར་འགོག་རིར་དགའ་ལྡན་དགོན་ཆེན་བཏབ།། ཁྱུང་ལྷའི་དྲུང་ནས་བླ་མེད་བཀའ་ལུང་ཞུས།། ང་ལྔའི་ལོ་ན་རིམ་ལྔ་གསལ་སྒྲོན་དང་།། རིམ་ལྔ་གདན་རྫོགས་ཁྲིད་ཡིག་རྫོགས་པར་མཛད།། དགུང་ལོ་ང་དགུར་སྟག་རྩེ་སྒྲུབ་མཆོད་བཏོད།། ང་དགུ་ལོ་དེར་ལམ་རིམ་འབྲིང་པོ་དང་།། རེ་གཉིས་དགའ་ལྡན་དགོངས་པ་རབ་གསལ་མཛད།། རེ་གསུམ་སྔ་དྲོར་དགའ་ལྡན་གནས་སུ་གཤེགས།། རྗེ་བཙུན་བླ་མའི་རྣམ་ཐར་རྗེས་ཞུགས་ཏེ།། བདག་རྒྱུད་ཆོས་ཀྱིས་ཟིན་པར་བྱིན་གྱིས་རློབས།།

སྤྱི་བཤགས་ཀྱི་འགྲེལ་བཤད། explaining the chishak

རྗེ་ཙོང་ཁ་པ་མཆོག་གི་སྐུ་ཚེའི་མཛད་པ་རྣམ་ཐར། Life of Je Tshongkhapa

འཇམ་ནོར་ལགས་ཀྱིས་བོད་གཞུང་ཕྱིར་བསྡུ་གནང་བའི་ལོག་བཤད་ལ་གསལ་བཤད།

with some of Youngster from Philly USA ཨ་རིར་སྐྱེས་པའི་བོད་པའི་གཞོན་སྐྱེས་ཁ་ཤས་དང་མཉམ་དུ།

དཔེ་ཆ་མང་པོ་གཟིགས་པ་ཙམ་གྱི་ཕན་པ་ཆེན་པོ་མེད་ཞེས་སངས་རྒྱས་མཉན་པ་མཆོག་གིས་གསུངས། །

དགའ་ལྡན་ལྔ་མཆོད་ཀྱི་དུས་ཆེན་ངོ་སྤྲོད་།

མི་ཚེ་ནང་ལ་རྐྱེན་ངན་ལས་ཐར་ཐབས་གང་ཡིན་པའི་སྐོར་ལ་རིན་པོ་ཆེ་མཆོག་གིས་གསུངས་པ། །

རྒྱུན་ཆགས་གསུམ་པའི་འགྲེལ་བཤད། Explaing Junchak Sumpa prayer

རྒྱལ་སྤྱིའི་གསར་འགྱུར།International Breaking News 🗞️

ཡོན་ཏན་གཞིར་གྱུར་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད།🪷📿

དྲང་བདེན་དང་ངེས་བདེན་གྱི་སྒྲོལ་མ་གཉིས་ཤེས་དགོས་རེད། historical Tara and actual Tara @gesherab

ཀཾ་ཚང་པ་རྣམས་གོམ་པ་མདུན་དུ་སྤོས་དང་། The Kamtsang must take a step forward.

འབྲུག་བུམ་ཐང་གནས་སྐོར། Pilgrim to Bhumthang Bhutan 🇧🇹

འཆི་བདག་གཤིན་རྗེ་ཆོས་རྒྱལ་གྱི་ལོ་རྒྱུས།

ཞབས་བརྟན་གསོལ་འདེབས་གསུམ་གྱི་འགྲེལ་བཤད། explaining 3 main long life prayers of H.H. The Dalai Lama

ནང་པའི་སེམས་ཁམསརིག་པའི་སྐོར། དགེ་བཤེས་ཐབས་མཁས་བློ་གྲོས། སྐར་མ་བཅོ་ལྔ།

DZOGCHEN Buddhism | Garab Dorje and the Nature of REALITY

ཐུགས་དམ་དང་འཆི་བ་འོད་གསལ་གྱི་འགྲེལ་བཤད་ཚེ་ཕྱི་མའི་མེ་ལོང་།

Can we keep dead person clothes and things at home? @GuruRinpoche25

