Tibet & Britain The Untold Story of Sir Basil Gould’s Lhasa Mission

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག ཨིན་བོད་འབྲེལ་ལམ་དང་སར་བྷེ་སིལ་གོལཌ་ (Sir Basil Gould) ཞེས་པ་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་དང་རྒྱལ་རབས་ལོ་རྒྱུས་ཀྱི་གནས་བབ་མཚོན་པའི་དམིགས་བསལ་དུས་ཐུང་འགྲེམས་སྟོན་ཞིག དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༣ ཉིན་བོད་ཀྱི་འགྲེམས་སྟོན་ཁང་དུ་དབུ་འཛུགས་གནང་སོང་། ཐེངས་འདིའི་འགྲེམས་སྟོན་ནང་། དེ་སྔ་བོད་གཞུང་གི་ཚོང་དོན་སྐུ་ཚབ་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་དང་། ཕྱག་རོགས་མཁན་ཆུང་ཆང་ཁྱིམ་པ་རྣམ་གཉིས་རྒྱ་གར་དང་ཨིན་ལན། ཨ་རི་སོགས་སུ་གཞུང་འབྲེལ་ཚོང་དོན་དུ་ཆེད་ཕེབས་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་རྣམ་གཉིས་ནས་འབྲས་སྤྱི་སར་བྷེ་སིལ་གོལཌ་མཆོག་ལ་གནང་བའི་ཕྱག་བྲིས་གཉིས་གཙོ་བོར་བྱས་ཏེ། སར་གོལཌ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་། ༧གོང་ས་མཆོག་གསེར་ཁྲིར་མངའ་གསོལ་མཛད་པའི་བརྙན་པར། རྩིས་དཔོན་ཞྭ་སྒབ་པའི་ན་བཟའ་སོགས་དངོས་རྫས་གལ་ཆེན་ཁག་ཅིག་འགྲེམས་སྟོན་གནང་འདུག བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། ༧གོང་ས་མཆོག་དང་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་རྣམ་གཉིས་ནས་སར་བྷེ་སིལ་གོལཌ་ལ་གནང་བའི་གཞུང་འབྲེལ་ཕྱག་ཡིག་དེ་དག་ནི། བོད་ཀྱི་རང་དབང་རང་བཙན་གྱི་གནས་བབ་གསལ་འདོན་བྱེད་པའི་ལོ་རྒྱུས་ཀྱི་དཔང་རྟགས་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། དེ་བཞིན་སྲིད་སྐྱོང་མཆོག་ནས་ཀྱང་། སར་བྷེ་སིལ་གོལཌ་ནི་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་གི་དཔང་མི་གལ་ཆེན་ཡིན་པས། ད་རེས་ཀྱི་འགྲེམས་སྟོན་འདི་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་པ་གསུངས་གནང་བྱུང་། དེ་མཚུངས་སར་བྷེ་སིལ་གོལཌ་མཆོག་གི་ཚ་མོ་ཧྥ་རན་ས་སེ་ཀ་ཊེ་ལར་ (Francesca Cutler) གྱིས། ཁོང་གི་སྤོ་བོ་དམ་པའི་ཤུལ་བཞག་དེ་དག་བོད་ཀྱི་ལོ་རྒྱུས་ཀྱི་གལ་ཆེའི་དཔང་རྟགས་ཡིན་པ་ཤེས་རྟོགས་བྱུང་འཕྲལ། བོད་མི་རང་ལ་ཕྱིར་སྤྲོད་ཐུབ་པར་དགའ་སྤོབས་བྱུང་ལ། འདིའི་ཐོག་ནས་བོད་ཀྱི་རང་དབང་འཐབ་རྩོད་ལ་ཕན་ཐོགས་ཅུང་ཟད་རེ་བྱུང་ཚེ། དེ་ནི་རང་ཉིད་ཀྱི་འདོད་པ་ཚིམ་པ་ཞིག་ཡིན་ཞེས་གསུངས་གནང་བྱུང་། ། A rare collection of diplomatic archives has gone on public display in Dharamsala, detailing the intricate 20th-century relations between Britain and Tibet. The exhibition, titled Frontier Diplomacy: Britain, Tibet and Sir Basil Gould, was officially opened on Friday at the Tibet Museum in Gangchen Kyishong. The collection focuses on the tenure of Sir Basil Gould, a key British political officer who served in the Himalayan regions during the 1930s and 1940s. The inauguration was led by the Sikyong (President) of the Central Tibetan Administration, Penpa Tsering, alongside guests Frances C. Cutler and Jonathan M. Cutler.

The First Tibetans of Switzerland
▶︎

The First Tibetans of Switzerland

Inside Tibet (1943)
▶︎

Inside Tibet (1943)

Last Warrior: Eyewitness to the Greatest Battle
▶︎

Last Warrior: Eyewitness to the Greatest Battle

Kalu Rinpoche – Teachings on Karmamudra and Mahamudra California, Los Angeles, 21 of December, 1988
▶︎

Kalu Rinpoche – Teachings on Karmamudra and Mahamudra California, Los Angeles, 21 of December, 1988

Bhutan building Mindfulness City to create jobs, lure young Bhutanese home from abroad
▶︎

Bhutan building Mindfulness City to create jobs, lure young Bhutanese home from abroad

Dalai Lama Family Tree & Timeline of Dalai Lamas
▶︎

Dalai Lama Family Tree & Timeline of Dalai Lamas

Vipassana Is Not What You Think ‒ Dzongsar Khyentse Rinpoche
▶︎

Vipassana Is Not What You Think ‒ Dzongsar Khyentse Rinpoche

རི་རྫོང་སྲས་སྐུ་ཕྲེང་བཞི་པ་ངོས་འཛིན་བརྒྱུད་རིམ་དང་རྟགས་དང་མཚན་མ་ཇི་བྱུང་སྐོར།
▶︎

རི་རྫོང་སྲས་སྐུ་ཕྲེང་བཞི་པ་ངོས་འཛིན་བརྒྱུད་རིམ་དང་རྟགས་དང་མཚན་མ་ཇི་བྱུང་སྐོར།

Tibetan Spiritual Leader Confirms Reincarnation of Former Ganden Tripa Rizong Rinpoche in Bylakuppe
▶︎

Tibetan Spiritual Leader Confirms Reincarnation of Former Ganden Tripa Rizong Rinpoche in Bylakuppe

ཟངས་དཀར་སྟོང་སྡེ་དགོན་པའི་ལོ་རྒྱུས་སྙིང་བསྡུས།  A brief history of Stondey Gonpa (Monastery)
▶︎

ཟངས་དཀར་སྟོང་སྡེ་དགོན་པའི་ལོ་རྒྱུས་སྙིང་བསྡུས། A brief history of Stondey Gonpa (Monastery)

Panchen Lama’s Nepal Visit, Kundun’s US Tours & the Tibet Fund Crisis | Kungo Rinchen Dharlo #213
▶︎

Panchen Lama’s Nepal Visit, Kundun’s US Tours & the Tibet Fund Crisis | Kungo Rinchen Dharlo #213

Introduction to the Tibet Museum Exhibition at CICG
▶︎

Introduction to the Tibet Museum Exhibition at CICG

བླ་མ་རོ་ལངས་ཞིག་བཏུལ་བ།
▶︎

བླ་མ་རོ་ལངས་ཞིག་བཏུལ་བ།

Dr Lobsang Monlam Speaks on the AI Battle for Tibet | Monlam AI vs DeepZang | #tibet  @Monlam_AI
▶︎

Dr Lobsang Monlam Speaks on the AI Battle for Tibet | Monlam AI vs DeepZang | #tibet @Monlam_AI

AI & the Tibetan Language - Geshe Lobsang Monlam #ep1 #monlamai #deepzang #artificialintelligence
▶︎

AI & the Tibetan Language - Geshe Lobsang Monlam #ep1 #monlamai #deepzang #artificialintelligence

༢༠༢༦།༦།༠༢ སྐབས་ ༡༨ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ། ལས་ཉིན་ ༡།༤
▶︎

༢༠༢༦།༦།༠༢ སྐབས་ ༡༨ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ། ལས་ཉིན་ ༡།༤

失败的独立:外蒙古分裂始末
▶︎

失败的独立:外蒙古分裂始末

King Gesar of Ling: Tibet's Great Epic Hero
▶︎

King Gesar of Ling: Tibet's Great Epic Hero

Interview - Kalons of the 17th Kashag (Cabinet) on Their Reactions to the Allocation of Departments
▶︎

Interview - Kalons of the 17th Kashag (Cabinet) on Their Reactions to the Allocation of Departments

Why Chinese AI Is Suddenly So Good (ft. DeepSeek, SeeDance 2.0) | AB Explained
▶︎

Why Chinese AI Is Suddenly So Good (ft. DeepSeek, SeeDance 2.0) | AB Explained