SOJONG གསོ་སྦྱོང་གི་ངོ་སྤྲོད་མདོར་བསྡུས།
༄༅།། ལྷ་དང་མི་རྣམས་ཀྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། སྤྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ནི་དམ་ཆོས་འདུལ་བའི་སྡེ་སྣོད་གནས་མི་གནས་ལ་ངོ་འཛིན་པ་དང་། དེ་ཡང་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ལ་རག་ལས་པའོ།། གཞི་གསུམ་ནི་གསོ་སྦྱོང་གི་གཞི། དབྱར་གྱི་གཞི། དགག་དབྱེའི་གཞི་གསུམ་མོ།། ལུང་གཞི་ལས། འདུག་པ་དང་། བྱ་བ་དང་། གསོ་སྦྱོང་བྱ་བར་རྗེས་སུ་གནང་ངོ་། གསོ་སྦྱོང་ནི་སོ་སོར་ཐར་པའི་མདོ་གདོན་པའོ་ཞེས་གསུངས་སོ།། དེའི་ངེས་ཚིག་ནི་བསླབ་པ་གསུམ་གསོ་ཞིང་སྦྱོང་བའི་ཕྱིར་ན་གསོ་སྦྱོང་ཞེས་པའོ། དེ་ལའང་ཞི་བར་གནས་པའི་གསོ་སྦྱོང་དང་མཐུན་པར་བྱ་བའི་གསོ་སྦྱོང་གཉིས་སུ་དབྱེ། དང་པོ་ཞི་གནས་ཀྱི་གསོ་སྦྱོང་ནི་སྔོན་བསགས་པའི་སྡིག་པའམ་ལས་ཀྱི་སྒྲིབ་པ་རྣམས་དག་ཕྱིར་དང་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་སེམས་ཀྱི་བསླབ་པའི་ཐོག་ནས་ཞི་ལྷག་གི་ཏིང་ངེ་འཛིན་བསྒོམ་པས་སྦྱོང་བའོ།། གཉིས་པ་མཐུན་པའི་གསོ་སྦྱོང་ནི་རབ་ཏུ་བྱུང་བ་རྣམས་སྡོམ་པ་ཐོབ་ནས་མི་ཤེས་པ་སོགས་སྒོ་བཞིའི་ཐོག་ནས་སྤང་བྱའམ་ཉེས་པ་འབྱུང་བ་རྣམས་ནང་ཕན་ཚུན་བློ་མཐུན་པའི་སྒོ་ནས་ཕྱིར་བཅོས་པ་དང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྦྱོང་བའོ།། དེ་ལའང་གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པ་དང་བཀྲ་ཤིས་ཀྱི་གསོ་སྦྱོང་དང་གནོད་པ་བཟློག་པའི་གསོ་སྦྱོང་དང་འཁོན་པ་བསྡུམ་པའི་གསོ་སྦྱོང་བཅས་ལྔ་ཡོད།། དགེ་སློང་བཞི་མ་ཚང་བར་གསོ་སྦྱོང་ཚོགས་པར་མི་རུང་ངོ་། བམ་པོ་ལྔ་བཅུ་པ་ལས། གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་དེ། དེ་དག་ཚེས་གྲངས་ཀྱི་ཡང་དག་པ་ལ་བལྟོས་ན་ནི་ཐམས་ཅད་ཀྱང་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། འཇིག་རྟེན་པའི་ཐ་སྙད་ཀྱི་དུས་ལ་བལྟོས་ན་ནི་དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ་ཞེས་གསུངས་པ་བཞིན། ཟླ་བ་ཡའི་ཡར་ངོ་དང་མར་ངོ་བསྡོམས་པའི་བཅུ་གཉིས་ནི་གསོ་སྦྱོང་བཅོ་ལྔ་པ་དང་། ཟླ་བ་ཆའི་ཡར་ངོ་དྲུག་ནི་གསོ་སྦྱོང་བཅོ་ལྔ་པ་དང་མར་ངོ་དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ།། ཡང་ན་ཆོམ་རྐུན་ལ་སོགས་པའི་འཇིགས་པ་ཡོད་ན་ནི་གསོ་སྦྱོང་རྒྱས་པར་བྱེད་པའི་སྒྲ་མི་འདོད་ན་མདོར་བསྡུས་པ་བྱེད་ཀྱང་ཆོག ། དེ་ལྟར་ཡིན་པ་ཡང་ལུང་རྣམ་འབྱེད་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་བྱ་བའི་ཚིགས་བཅད་འདོན་པ་ཡིན་པར་གསུངས་སོ།། མདོར་བསྡུས་པའི་གསོ་སྦྱོང་བྱེད་པའི་སྒྲ་དེ་ཙམ་ཡང་གཞན་མགྲོན་པོ་དག་མི་འདོད་ན་ནི་དགེ་སློང་རྣམས་སོ་སོ་ནས་ཡིད་ཀྱིས་གསོ་སྦྱོང་བྱིན་གྱིས་བརླབ་བོ།། SUBSCRIBE Link / @karmanyidha7572 Fine me on:: / karmanyidha

India Nepal | 'Time to Reset India-Nepal Ties, Focus on Delivery': Nepal Foreign Minister To NDTV

1. Introduction

The Mountain Path - 山道 - A Film by Edward A. Burger (2021)

དག་སྣང་གསང་བ་རྒྱ་ཅན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ།

ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་ཚུལ་དང་འགྲེལ་བཤད། སྒོམ་སྡེ་ལྷ་རམས་པ། How to take Mahayana Precepts

Past Life? The Boy Who Thinks He's 100 Years Old

༡༩༦༨ ལོར་རི་ཀོན་ཆོས་འཁོར་དགོན་དབུ་འབྱེད་མཛད་སྒོ། The Tibet Institute Rikon, 1968

དུས་དབང་ཐེངས་ ༣༤ པའི་གོ་སྒྲིག་ཚོགས་ཆུང་ནས་བརྟན་བཞུགས་བསྟར་འབུལ།

Who Will Choose the Next Dalai Lama: Tibet, China or the Dalai Lama Himself? | Compass

བརྟན་བཞུགས་དང་། འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་ཀྱི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་ཚོགས་པ།

Tibetan Monks – Sacred Chanting and Mantra Sounds for Deep Calm and Meditation

Khusugtun - Mongolian music in London - BBC Proms 2011 Human Planet

Trump Attends NBA Finals, Cries Election Fraud in California & Storms Out of Interview

Helping Hungry Ghosts | Teaching by Thich Nhat Hanh

ཟླ་བ་གྲགས་པ་ཧང་སང་བའི་ལོ་རྒྱུས། history of chandrakriti shocking moment @gesherab

PADMASAMBHAVA: The Man Who Conquered TIBET's Demons

Xi Jinping and Peng Liyuan Visit North Korea, Kim Jong Un and His Wife Welcome Them at the Airpor...

Dalai Lama’s Secret Advisor The Mystery of Nechung Oracle.#monk #buddhism #love #youtubevideo #fypシ

