༄༅། །ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་གྱི་རྣམ་བཞག་ངོ་སྤྲོད་སྙིང་བསྡུས།
མཁས་བླུན་སུ་ཡིན་ན་ཡང་དམ་པ་གསུམ་ཚང་བའི་དགེ་རྩ་གང་བསགས་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུ་ རུ་ལོག་གི་ཡོད། ཆ་རྐྱེན་འདི་གསུམ་མ་ཚང་བའི་དགེ་རྩ་གང་དང་གང་ཞིག་བསགས་ཁུལ་བྱས་ཀྱང་གཟུགས་བརྙན་ཙམ་ལས་དགེ་རྩ་ཡང་དག་པར་ལོག་དཀའ། དེའི་ཕྱིར་དགེ་བའི་རྩ་བ་ཡང་དག་པ་རེ་བསག་འདོད་མཁན་ཚོས་ག་དུས་ཡིན་ན་ཡང་ཁ་ནང་དུ་ལོག་ནས་བསམ་གཞིག་ནན་ཏན་གྱིས་དམ་པ་གསུམ་ཚང་ཐབས་ལ་ཐབས་ཤེས་ཡོད་དགུ་འཚོལ་དགོས། ༡༽ དགེ་རྩ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ་གང་ལ་ཟེར་ན། ཐོག་མར་ཕྱག་སྐོར་སྒྲིབ་སྦྱང་སོགས་དགེ་རྩ་ཆེ་ཆུང་གང་ཞིག་བསོག་ན་ཡང་རང་དོན་དུ་མ་སོང་བར་མ་རྒན་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་དགེ་རྩ་འདི་བསགས་གི་ཡིན་བསམ་པའི་ཀུན་སློང་བཟང་པོའི་ངོ་བོར་བཅོས་དགོས་པ་དེ་ཡིན། ༢༽ དགེ་བ་རྐྱེན་གྱིས་མི་བཤིགས་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ་གང་ལ་ཟེར་ན། ལྷ་སྒོམ་སྔགས་བཟླས་སོགས་ཆོས་གང་ཞིག་གསོག་པའི་སྐབས་སུ་ཁ་གཡེང་མིག་གཡེང་། སེམས་གཡེང་དུ་མ་ཤོར་བར་བློ་སེམས་རྩེ་གཅིག་ཏུ་སྒྲིམ་དགོས་པ་དེ་ཡིན། ༣༽ དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བ་དམ་པ་གང་ལ་ཟེར་ན། ཕྱག་མཆོད་སྤྱིན་གཏོང་སོགས་དགེ་རྩ་གང་ཞིག་བསགས་པའི་མཇུག་ཐོག་དེ་མ་ཐག་ཏུ་དེ་རིང་གི་དགེ་རྩ་འདི་ཉིད་མ་རྒན་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་འཁོར་གསུམ་དམིགས་མེད་ཀྱིས་རྩིས་ཟིན་པའི་ངང་ནས་བསྔོ་དགོས་པ་དེ་ཡིན། མདོར་ན་རང་གཞན་ཚང་མས་དགེ་རྩ་ཕྲན་བུ་རེ་མིན་བསགས་མ་ཐུབ་རུང་དམ་པ་གསུམ་མམ་སྦྱོར་དངོས་རྗེས་གསུམ་ཚང་ཐབས་ལ་ཅི་ནས་ཀྱང་འབད་གལ་ཆེའོ།

དུས་རབས་གསར་པའི་ལོ་ཙྭ་བ།

༄།། དམ་པ་གསུམ་གྱི་ངོ་སྤྲོད། intruduce about Three excellencies

ཡོན་ཏན་གཞིར་གྱུར་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད།🪷📿

མི་ཚེ་གལ་འགངས་ཆེ་ཤོས་གང་ཡིན་ནམ།

བོད་ནང་ལི་ཐང་རབས་གསལ་དང་སྒོ་མང་ཨ་ཡྱ་འདས་བ་སོགས་མཁས་པ་འགས་སྔ་རབས་པས་སྣང་བ་ཁེགས་མིན་སྐོར་དོགས་གཅོད།

ལམ་ལྔ་ཡི་རྣམ་གཞག་གསལ་བོར་བཤད་པ།The five paths.

ཤེས་རབ་སྙིང་པོའི་འཆད་འཁྲིད་ཉིན་དང་པོ། དགེ་བཤེས་བློ་བཟང་བརྩོན་འགྲུས།

#exclusive: The human side of the Sikyong Penpa Tsering | TAN

དྲི་བ་ལ་ལན་ཧ་ལས་པ་གནང་སོང་། ☸️📿☸️

ዓይንና እናረኣየ ክንጠፍእ ኣይንደልን! ብጹዕ ኣቡነ ሰላማ

སྟོན་པའི་འཁྲུངས་རབས་གསུང་ཆོས་སྐབས་ནང་ཆོས་ངོ་སྤྲོད།

ནང་ཆོས་ངོ་སྤྲོད་དང་། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད། ༼ ཉིན་གཉིས་པ། ༽

དུས་དབང་ཐེངས་ ༣༤ པའི་གོ་སྒྲིག་ཚོགས་ཆུང་ནས་བརྟན་བཞུགས་བསྟར་འབུལ།

ཆེད་དུ་བརྗོད་པའི་ཚོམས་ལས་སྡིག་པའི་ཚོམས།

ከብዲ ምጥፋእ-ብዙሕ ሰብ ዝጋገየን 2 ጌጋታት- ኣይንጋገ!

Abune Gebre Menfesqdus Documentary film ሓጺር ዑደት ማይጸሎት ገዳም ኣቡነ ገብረመንፈስ ቅዱስ (ጋብር ደርዓንቶ)

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་།📿🪷

His Holiness the Dalai Lama addresses devotees during 33rd Kalachakra teaching

🔴 ክረምቱ ሳይመጣ ፈጥነህ ና || ለቤተ ክርስቲያን ችግር መፍትሔ | ርእሰ ሊቃውንት አባ ገብረ ኪዳን ግርማ |Aba Gebrekidan New Sibket 2026

